ཝང་ཆི་ཧྲན་གྱིས་ཕེ་རུ་ཡི་ཙུང་ཐུང་གཞོན་པར་མཇལ་འཕྲད་གནང་།

2019-09-19
0

1124952178_15674303132331n.jpg

ཟླ9བའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧའེ་ནས་ཕེ་རུ་ཡི་ཙུང་ཐུང་གཞོན་པ་ཨ་ལོ་སི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཚེས་གཉིས་ཉིན་ཀྲུང་ནན་ཧའེ་ནས་ཕེ་རུ་ཡི་ཙུང་ཐུང་གཞོན་པ་ཨ་ལོ་སི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་ཨ་ལོ་སི་ཀྲུང་གོའི་པེ་ཅིན་འཛམ་གླིང་ལྡུམ་རའི་ལག་རྩལ་འགྲེམ་སྟོན་ཚོགས་འདུའི་རྒྱལ་སྤྱིའི་ཞོག་ཁོག་ལྟེ་གནས་ཀྱི་མཚན་སྙན་ཉིན་མོའི་བྱ་འགུལ་ལ་ཞུགས་པར་ཡོང་བར་དགའ་བསུ་ཞུས། ཁོང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་སྣེ་ཁྲིད་འོག ཀྲུང་གོ་དང་ཕེ་རི་ཡི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་སྤེལ་བ་ཧ་ཅང་བཟང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ལོ་ངོ་བདུན་ཅུའི་རིང་ཀྲུང་གོ་གསར་བར་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་འགྱུར་ལྡོག་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་དཀའ་བ་ནས་ཁྱོན་ཡོངས་ཀྱི་འབྱོར་འབྲིང་དུ་བསྐྱོད་པར་སྟ་གོན་བྱེད་ཀྱིན་ཡོད། མི་གྲངས་དུང་ཕྱུར་བཅུ་བཞིའི་ལྟོ་གོས་འདུག་བགྲོད་ཀྱི་གནད་དོན་ཐག་བཅད་པ་དེ་ནི། མིའི་རིགས་ལ་བཞག་པའི་བྱས་རྗེས་ཆེན་པོ་ཡིན། ཀྲུང་གོས་ཕེ་རུ་དང་མཉམ་དུ2021ལོའི་ཀྲུང་གོ་དང་ཕེ་རུའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པ་དེ་གོ་སྐབས་སུ་བརྩིས་ཏེ། རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་འགྲོ་འོང་ཇེ་དམ་དུ་གཏོང་བ། ཡིད་རྟོན་ཇེ་བརྟན་དུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨ་ལོ་སི་ཡིས་ཀྲུང་གོ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། དབུལ་སྐྱོར། ཚན་རྩལ། སློབ་གསོ། རིག་གནས་དང་ཁུང་ཙི་སློབ་གླིང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕེ་རུ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་ཇེ་དམ་དང་ཡུན་རིང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

  • 顶 0