པར་གཞི་གསར་པའི་མི་དམངས་ཤོག་སྒོར་རབས་ལྔ་པ་ཐོན་ཡོད་པས། ང་ཚོས་ཁྱེད་ལ་པར་གཞི་གསར་པའི་མི་དམངས་ཤོག་སྒོར་བདེན་རྫུན་དབྱེ་འབྱེད་བྱེད་པའི་ཐབས་ཤེས་ཤིག་གྲ་སྒྲིག་བྱས་ཡོད།

2019-09-12
0

微信图片_20190830162225.jpg        ཟླ ༨ པའི་ཚེས ༣༠ ཉིན་ནས་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་གིས ༢༠༡༩ ལོའི་པར་མའི་མི་དམངས་ཤོག་སྒོར་རབས་ལྔ་པ་འགྲེམས་སྤེལ་བྱ་རྒྱུ་རེད། པར་གཞི་གསར་པའི་མི་དམངས་ཤོག་སྒོར་སྒོར ༥༠ དང་སྒོར ༢༠ ། སྒོར ༡༠ ། སྒོར ༡ ཅན་གྱི་རྫུན་འགོག་ལག་རྩལ་སྔར་ལས་སྔོན་ཐོན་ཡིན་པ་དང་། བདེན་རྫུན་དབྱེ་འབྱེད་སྔར་ལས་བྱེད་སླ་མོ་ཡོད། ཤམ་བྷ་ལ་ཆ་འཕྲིན་གྱི་རྩོམ་སྒྲིག་པས་ཁྱེད་ལ་པར་གཞི་གསར་པའི་མི་དམངས་ཤོག་སྒོར་གྱི་བདེན་རྫུན་དབྱེ་འབྱེད་བྱེད་ཐབས་བཞི་གྲ་སྒྲིག་བྱས་ཡོད། ང་ཚོས་མཉམ་དུ་སློབ་སྦྱོང་བྱོས།

ཐབས་ཤེས་དང་པོ། ཚོན་ལྡན་དང་མདོག་འགྱུར་གྱི་ཨང་ཀི་ལ་ལྟ་ཞིབ་བྱེད།

པར་གཞི་གསར་པའི་མི་དམངས་ཤོག་སྒོར་རབས་ལྔ་པའི་སྒོར ༥༠ དང་སྒོར ༢༠ ། སྒོར ༡༠ ཅན་གྱི་ཤོག་སྒོར་ངོས་སུ་ཚོན་ལྡན་དང་མདོག་འགྱུར་གྱི་ཨང་ཀི་པར་ཡོད་པས། ཤོག་སྒོར་ལ་ལྟ་ཞིབ་བྱེད་པའི་ཁ་ཕྱོགས་བསྒྱུར་ན་སྒོར་མོའི་ཐོག་གི་ཨང་ཀིའི་ཁ་དོག་ལའང་དེ་བསྟུན་གྱི་འགྱུར་ལྡོག་འགྲོ་བ་མ་ཟད། ད་རུང་འོད་ཐགས་ཤིག་འགྱུར་བ་འགྲོ་བའང་མཐོང་ཐུབ།སྒོར ༥༠ ཅན་གྱི་སྒོར་མོར་དཔེ་བྱས་ན།ལྟ་ཞིབ་བྱས་པའི་ཟུར་སྣེ་འགྱུར་ལྡོག་འགྲོ་བ་དང་བསྟུན།སྒོར་མོའི་ངོས་ཀྱི་ཨང་ཀི ༥༠ དེ་ལྗང་གུ་དང་སྔོན་པོའི་བར་འགྱུར་ལྡོག་འགྲོ་ངེས་རེད།

1124941563_11n.jpg

1124941557_11n.jpg

ཐབས་ཤེས་གཉིས་པ། འོད་གསལ་ཁོག་སྟོང་ཉེན་མེད་ཐིག

པར་གཞི་གསར་པའི་སྒོར ༥༠ ཅན་གྱི་ཤོག་སྒོར་ནི་ཤོར་སྒོར་ལ་ལྟ་ཞིབ་བྱེད་པའི་ཁ་ཕྱོགས་བསྒྱུར་ན་ཉེན་མེད་ཐིག་གི་ཁ་དོག་དེ་དམར་པོ་དང་ལྗང་ཁུ་གཉིས་བར་འགྱུར་ལྡོག་འགྲོ་རྒྱུ་དང་། འོད་ཐགས་ཡར་འཕར་མར་ཆག་པ། འོད་བརྒྱུད་ནས་ལྟ་ཞིབ་བྱས་ན་ཨང་ཀི ༥༠ དེ་གསལ་པོར་མཐོང་ཐུབ། པར་གཞི་གསར་པའི་སྒོར ༢༠ དང་སྒོར ༡༠ ཅན་གྱི་ཤོག་སྒོར་དེ་འོད་བརྒྱུད་ནས་བལྟས་ན་ཁོག་སྟོང་པ་དང་མདོག་འགྱུར་ཐིག་ཅིག་ཡོད་པ་མཐོང་ཐུབ། དེ་ནི ༢༠༡༥ ལོའི་པར་མའི་སྒོར ༡༠༠ ཅན་གྱི་ཤོག་སྒོར་དང་རིགས་འདྲ་རེད། ཤོག་སྒོར་ལ་ལྟ་ཞིབ་བྱེད་པའི་ཁ་ཕྱོགས་བསྒྱུར་ན་ཉེན་མེད་ཐིག་ལམ་གྱི་ཁ་དོག་དེ་དམར་པོ་དང་ལྗང་ཁུ་གཉིས་བར་འགྱུར་ལྡོག་བྱུང་། འོད་བརྒྱུད་ནས་ལྟ་ཞིབ་བྱས་ན་སྒོར ༢༠ ཅན་གྱི་ཤོག་སྒོར་ལ་ཨང་ཀི ༢༠ མཐོང་ཐུབ་པ་དང་། སྒོར ༡༠ ཅན་གྱི་ཤོག་སྒོར་ལ་ཨང་ཀི ༡༠ མཐོང་ཐུབ།

1124941569_11n.jpg

1124941561_11n.jpg

ཐབས་ཤེས་གསུམ་པ། ཆུ་དཔར་ལ་ལྟ་ཞིབ་བྱེད།

པར་གཞི་གསར་པའི་སྒོར ༥༠ དང་སྒོར ༢༠ ། སྒོར ༡༠ ཅན་གྱི་ཤོག་སྒོར་གྱི་ཆུ་དཔར་གསལ་ཚད་དང་རིམ་པའི་ཚད་དེ་མངོན་གསལ་གྱིས་ཇེ་མཐོར་བཏང་ཡོད། ངོ་རིས་ཆུ་དཔར་དེ་ཤོག་སྒོར་མདུན་གྱི་གཡོན་ངོས་ཀྱི་སྟོང་ཆར་གནས་ཡོད་པ་དང་། འོད་བརྒྱུད་ནས་ལྟ་ཞིབ་བྱས་ན་མའོ་ཙེ་ཏུང་གི་པར་མཐོང་ཐུབ། ངོ་རིས་ཆུ་དཔར་གྱི་གསལ་ཚད་མངོན་གསལ་གྱིས་ཇེ་མཐོར་བཏང་ཡོད། བང་རིམ་སྔར་ལས་ཕུན་སུམ་ཚོགས་པོ་རེད། ཆུ་དཔར་དཀར་པོ་ནི་ཤོག་སྒོར་མདུན་ངོས་ཀྱི་འཕྲེད་ཀྱི་ཨང་གྲངས་འོག་ཏུ་གནས་ཡོད། འོད་བརྒྱུད་ནས་ལྟ་ཞིབ་བྱས་ན་ཆུ་དཔར་གྱི་ཨང་ཀི་མཐོང་ཐུབ། དེ་ལས་བཤད་འོས་པ་ཞིག་ནི་པར་གཞི་གསར་པའི་སྒོར ༡ ཅན་གྱི་ཤོག་སྒོར་ལ་ཆུ་དཔར་དཀར་པོ་ཁ་སྣོན་བྱས་འདུག

1124941560_11n.jpg

1124941566_11n.jpg

ཐབས་ཤེས་བཞི་པ། འཕྲེད་གཞུང་གི་ཨང་གྲངས་གཉིས་ལ་ལྟ་བ།

པར་གཞི་གསར་པའི་མི་དམངས་ཤོག་སྒོར་རབས་ལྔ་པའི་གཡོན་ངོས་འཕྲེད་ཀྱི་ཨང་གྲངས་ཀྱི་བཟོ་དབྱིབས་ལེགས་སྒྲིག་བྱས་ཡོད་པ་དང་། གཞུང་གི་ཨང་གྲངས་གསར་སྣོན་བྱས་ཡོད། དེས་མི་དམངས་ཤོག་སྒོར་བསྒྱུར་བཟོ་བྱེད་མི་ཐུབ་པར་ཕན་ནུས་ལྡན། གཡོན་ངོས་འཕྲེད་ཀྱི་ཡི་གེ་དང་པོ་དང་སྔོན་མའི་ཨང་ཀི་གཉིས་མདོག་དམར་ནག་ཡིན་ལ། རྗེས་མའི་ཨང་ཀི་དྲུག་ནི་ནག་པོ་རེད། གཡས་ངོས་གཞུང་གི་ཡི་གེ་དང་ཨང་ཀི་ཚང་མ་སྔོན་པོ་རེད།

微信图片_20190830162217.jpg

རྩོམ་སྒྲིག་པས་ཁྱེད་ལ་དྲན་སྐུལ་བྱ་རྒྱུ་ཞིག་ནི། ང་ཚོས་པར་གཞི་གསར་པའི་མི་དམངས་ཤོག་སྒོར་རབས་ལྔ་པ་སྤྱོད་པའི་དུས་རབས་ནང་བསླེབས་ཡོད་པས། ཚང་མས་པར་གཞི་གསར་པའི་མི་དམངས་ཤོག་སྒོར་གྱི་བདེན་རྫུན་དབྱེ་འབྱེད་ཀྱི་ཤེས་བྱ་ཁོང་དུ་ཆུད་དགོས།

གསར་འགྱུར་འབྱུང་ཁུངས། ཤིན་ཧྭ་དྲ་བ་ནས།

པར་རིས་འབྱུང་ཁུངས། ཀྲུང་གོའི་མི་དམངས་དངུལ་ཁང་གི་གཞུང་ཕྱོགས་དྲ་བ་ནས།

  • 顶 0