ཞི་ཅིན་ཕིང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལེ་པོ་ཧྥུའུ་ལ་མཇལ་འཕྲད་གནང་།

2019-09-12
0

1124933679_15669982787491n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་བརྒྱད་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལེ་པོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཨ་ལེ་པོ་ཧྥུའུ་བརྒྱུད་དེ་ཙུང་ཐུང་མུས་ཨར་ཅི་ཡེའོ་ཡེ་ཧྥུའུ་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་མཆོང་སྐྱོད་ཀྱིས་འཕེལ་རྒྱས་སུ་སོང་བའི་གནད་འགག་ནི་ཕྱོགས་གཉིས་ཀྱིས་དུས་ནམ་ཡང་ཁྱིམ་མཚེས་མཛའ་མཐུན་དང་གཉིས་ཕན་རོགས་རེས་ཀྱི་རྣམ་འགྱུར་བཅངས་པ་དང་། དུས་ནམ་ཡང་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་རྩ་དོན་རྒྱུན་འཁྱོངས་བྱས་པ། དུས་ནམ་ཡང་མི་རབས་ནས་མི་རབས་བར་མཛའ་མཐུན་དང་ཐུན་མོང་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་པ་བཅས་ཀྱི་རྐྱེན་ཡིན། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་འཕེལ་དུ་གཏོང་བ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པས། ངས་དེར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ལམ་དུ་སྐྱོད་ན། ཕྱོགས་གཉིས་ཀྱིས་གཏན་ཁེལ་བྱས་པའི་མཉམ་ལས་ཀྱི་དམིགས་འབེན་སྣ་ཚོགས་མངོན་དུ་འགྱུར་ཐུབ་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་དགོས་ལ། རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱལ་ཁོངས་བརྒལ་བའི་གཞུང་ལམ་དང་ལྕགས་ལམ་བཀོལ་སྤྱད་བཟང་པོ་བྱེད་པ། མཉམ་འབྲེལ་མཉམ་གཏོང་ཇེ་ཟབ་ཏུ་གཏོང་བ། འབྱོར་ཚོང་དང་དངུལ་གཏོང་། མཐོ་གསར་ལག་རྩལ། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། མི་ཆོས་མཉམ་ལས་ཀྱི་གྲུབ་འབྲས་གསར་པ་བསྐྲུན་པ་བཅས་བྱེད་དགོས།

1124933679_15669982983881n.jpg

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ལོ་རྒྱུས་སྟེང་རྒྱལ་ཁབ་ཁ་ཤས་ལྟར་དར་རྒྱས་སུ་སོང་ན་གཞན་ལ་བཙན་དབང་བཀོལ་བའི་ལམ་རྙིང་དུ་གཏན་ནས་བགྲོད་མི་སྲིད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་གོང་འཕེལ་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་དེ་ཡང་ཡིན། ཀྲུང་གོས་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་བ། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་གཏོང་བ་བཅས་བྱེད་འདོད་ཡོད། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གཉིས་ཀྱིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ། ལས་སྐལ་གཅིག་འབྲེལ་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རང་རྩ་འཛུགས་སྔར་ལས་གོང་འཕེལ་དུ་གཏོང་བ་བཅས་བྱས་ཏེ། ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

ཨ་ལེ་པོ་ཧྥུའུ་ཡིས་ཙུང་ཐུང་མུས་ཨར་ཅི་ཡེའོ་ཡེ་ཧྥུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུས་ཞུས་པ་བརྒྱུད་བསྒྲགས་བྱས། ཙུང་ཐུང་མུས་ཨར་ཅི་ཡེའོ་ཡེ་ཧྥུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོ་སྔར་ལས་སྟོབས་འབྱོར་རྒྱས་ཏེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་སྔ་མོ་ནས་མངོན་དུ་འགྱུར་བའི་སྨོན་འདུན་ཞུས།

ཨ་ལེ་པོ་ཧྥུའུ་ཡིས་བསྟན་དོན། ཀྲུང་གོ་ནི་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཛའ་མཐུན་ལྡན་པ་དང་ཆེས་བློ་གཏད་ཆོག་པའི་གྲོགས་པོ་ཡིན། ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ལྟ་བ་དོན་འཁྱོལ་བྱེད་རྒྱུ་ཡིན། ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གཅིག་གྱུར་བཅས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་ཡིན་ལ། ཀྲུང་གོར་གཞོགས་འདེགས་ལེགས་པོ་བྱས་ཏེ་སྟོབས་ཤུགས་ངན་པ་གསུམ་ལ་རྒོལ་རྡུང་བྱེད་འདོད་ཡོད་ཟེར།

དབྱང་ཅེ་ཁྲི་དང་ཝང་དབྱི། ཧི་ལིས་ཧྥེང་བཅས་མཇལ་འཕྲད་ལ་ཞུགས། 

  • 顶 0