ཤང་ཀང་གི་གྲོང་མིས་ཁྲོམ་སྐོར་བྱས་ནས་ཨ་རིས་ཤང་ཀང་གི་གནད་དོན་ལ་ཐེ་ཇུས་བྱས་པར་རྒོལ་གཏམ་བཏང་བ།

2019-08-28
0

ཟླ་8ཚེས་26ཉིན། ཁྲོམ་སྐོར་ནང་ཞུགས་མཁན་གྲོང་མིས་ཤང་ཀང་དུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཕྱོགས་སུ་བསྐྱོད་པ།

ཟླ་8ཚེས་26ཉིན། ཁྲོམ་སྐོར་ནང་ཞུགས་མཁན་གྲོང་མིས་ཤང་ཀང་དུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཕྱོགས་སུ་བསྐྱོད་པ།

ཚེས་26ཉིན་གྱི་ཆུ་ཚོད་14དང་སྐར་མ་30ཙམ་ལ། ཤང་ཀང་ས་འོག་ལྕགས་ལམ་ཀྲུང་ཧོའེ་བབས་ཚུགས་ཉེ་འགྲམ་གྱི་ཀྲེ་ཏ་མེ་ཏོག་ལྡུམ་རར། ཤང་ཀང་གི་གྲོང་མི་བརྒྱ་ལྷག་ཙམ་གྱིས“ཨ་རིས་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ངང་ཐེ་ཇུས་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ”དང་། “ཀྲུང་གོའི་ཤང་ཀང་ཨ་རི་དང་འབྲེལ་བ་མེད་”ཅེས་པའི་འཕྲེད་འགེལ་ཡི་གེ་འཁྱེར་ནས་མགྲིན་གཅིག་ཏུ་འབོད་ཚིག་སྒྲོག་པ་རེད།
     སྐད་གསང་མཐོན་པོས་མགྲིན་གཅིག་ཏུ《མེས་རྒྱལ་ལ་བསྟོད་གླུ་ལེན་》ཞེས་པ་བླངས་རྗེས། མི་ཚོགས་ཀྱིས་རུ་སྒྲིག་ནས་ཁྲོམ་སྐོར་བྱེད་འགོ་ཚུགས་པ་དང་།  ཁྲོའོ་ཧྭ་ཡོན་ལམ་དུ་གནས་པའི་ཤང་ཀང་དུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཕྱོགས་སུ་བསྐྱོད་པ་རེད།
     “ང་ཚོས་ཤང་ཀང་འཛུགས་སྐྲུན་བྱེད་བཞིན་ཡོད་ཀྱང་མི་ངན་གཏུམ་སྤྱོད་ཅན་ཚོས་དེར་གཏོར་བཤིག་གཏོང་གི་ཡོད། མི་ངན་གཏུམ་སྤྱོད་ཅན་ཚོའི་རྒྱབ་ཏུ་‘འདྲེ་གྲིབ་ཀྱིས་ཁེངས་‘ཡོད། འདྲེ་མེད་ན་དེ་ཚོས་ལས་ངན་གྲུབ་མི་ཐུབ། ཉེ་ཆར་དྲག་ཤུགས་ཆེ་རུ་ཕྱིན་ཏེ་ཉེན་རྟོག་པ་དང་གྲོང་མིར་རྨས་སྐྱོན་ཕོག་ཡོད། ཨ་རིས་ཤང་ཀང་གི་གནད་དོན་ལ་ཐེ་ཇུས་བྱས་པར་ང་ཚོས་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན”ཞེས་བྱེད་སྒོའི་གྲོས་འགོ་འདོན་མཁན་ཚའོ་ཏ་མིང་གིས་བརྗོད་པ་རེད། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་བསྡོམས་“ཤང་ཀང་ལ་གཅེས་པའི་མནའ་འབྲེལ”དང་། “ཤང་ཀང་སྲུང་བའི་སྐད་སྒྲ”“ཤང་ཀང་ཀོང་ཤིས་ཚོགས་པའི་སྤྱི་ཁྱབ་ཚོགས་པ”སོགས་སྒྲིག་འཛུགས་ཀྱི་མི་100ལྷག་ཙམ་ཞུགས་ཡོད།
     ཤང་ཀང་གི་པང་ཅ་ཕྱིར་སྡོད་རང་མིའི་མཛའ་གྲོགས་ཚོགས་པའི་ལས་འཛིན་དཔོན་ཀྲོའུ་ཧུང་ཧྲེང་གིས་ཡོངས་བསྒྲགས་དཔྱད་ཡིག་ལ་གཞིགས་ན། ཨ་རིས་རྒྱབ་ཏུ་མི་ངན་གཏུམ་སྤྱོད་ཅན་ཚོས་ཟིང་ཆ་སློང་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་པར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ང་ཚོར་ཡོད། ང་ཚོས་ཨ་རིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱས་པར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཤང་ཀང་གི་གྲོང་མི་ཀུའོ་ཤིན་ཁྲེང་གིས་དྲ་རྒྱ་བརྒྱུད་ནས་ཁྲོམ་སྐོར་གྱི་ཆ་འཕྲིན་ཤེས་རྟོགས་བྱུང་། “ཤང་ཀང་གི་དུས་བབ་ད་བར་རྙོག་འཛིང་ཆེ་རུ་ཕྱིན་པས། ང་ཚོ་རང་འགུལ་ངང་ཁྲོམ་སྐོར་ནང་ཞུགས་པར་ཡོང་བ་ནི་ཨ་རིས་ཤང་ཀང་གི་གནད་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པའི་ཆེད་དུ་ཡིན”ཞེས་བརྗོད་པ་རེད།
     ཁྲོམ་སྐོར་རུ་ཁག་གིས་ལམ་བར་དུ་སྐད་ཤུགས་ཆེན་པོས་འབོད་ཚིག་བསྒྲགས་ནས་ཤང་ཀང་དུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཕྱོགས་སུ་ག་ལེར་བསྐྱོད་ནས། “ཤང་ཀང་གི་མི་ངན་གཏུམ་སྤྱོད་ཅན་ནི་ཨ་རིས་བཟོས་པ་ཞིག་རེད”ཅེས་པ་དང་། “ཨ་རིའི་ངན་ཇུས་མྱུར་དུ་མཚམས་འཇོག་བྱེད་”ཅེས་པ། “ཤང་ཀང་ནི་ངའི་ཁྱིམ་ཡིན་པས། སུས་དེར་སྲུང་སྐྱོབ་བྱེད་”ཅེས་པ་སོགས་ཀྱི་འབོད་ཚིག་ཡང་ནས་ཡང་དུ་གྲགས་པ་རེད།
     གནམ་ནས་ཆར་བ་ཆེན་པོ་བབས་པས། གྲོང་མི་མང་པོ་ཞིག་གིས་ཆར་གདུགས་འཁྱེར་ནས་རང་འགུལ་ངང་མཐའ་འཁོར་གྱི་སྒྲིག་ལམ་སྲུང་བཞིན་པའི་ཉེན་རྟོག་པར་ཆར་གདུགས་ཕུབ་སྟེ་ཆར་བ་བཀག་པ་དང་། ད་དུང་བུད་མེད་ལ་ལས་ཤོག་བུས་ཉེན་རྟོག་པའི་གོས་སྟེང་གི་ཆར་ཆུ་ཕྱིས་བཞིན་ཡོད་པ་རེད།
     “གལ་སྲིད་ཁྱེད་ཚོའི་སྲུང་སྐྱོབ་མེད་ཚེ་ཕྲུ་གུ་ཚོ་སློབ་གྲྭར་བསྐྱོད་རྒྱུར་ཡང་ཤུགས་རྐྱེན་ཐེབས་སྲིད། ཁྱོད་ཚོས་ང་ཚོར་སྲུང་སྐྱོབ་བྱ་ཆེད། རྨས་སྐྱོན་ཕོག་པ་དང། ཉེན་ཁ་ཧ་ཅང་ཆེ་ལ་དཀའ་ངལ་མང་པོ་འཕྲད་ཡོད། ང་ཚོས་ཁྱོད་ཚོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་”ཞེས་ཁྲོམ་སྐོར་ནང་ཞུགས་པའི་བུད་མེད་ཅིག་གིས་ཆར་གདུགས་གཅིག་གི་འོག་ཏུ་གནས་པའི་ཉེན་རྟོག་པར་བཤད་པ་རེད།
     ཤང་ཀང་གི་གྲོང་མི་ཅེ་གཡུ་ཆིའུ་ཡིས་ད་ལྟ་སྒེར་གྱི་ལུས་གསོ་ཁང་ཞིག་གཙོ་གཉེར་བྱེད་བཞིན་ཡོད། ཁོང་གིས་ཟླ་གཉིས་ལྷག་ཙམ་རིང་། ཤང་ཀང་གི་འགྲིམ་འགྲུལ་དང་། ཡུལ་སྐོར། གྲོང་མིའི་འཚོ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་བརྗོད་པ་དང་། “ཤང་ཀང་ནི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་པས་རྩོད་གཞི་བྱུང་ཚེ་གྲོས་བསྡུར་གྱི་བྱ་ཐབས་སྤྱད་དེ་ཡ་རབས་ངང་ཐག་གཅོད་བྱེད་པ་ལས་དྲག་ཤུགས་སྤྱོད་མི་རུང”ཞེས་བརྗོད་པ་རེད།

ཟླ་8ཚེས་26ཉིན། ཁྲོམ་སྐོར་ནང་ཞུགས་མཁན་གྲོང་མིས་ཤང་ཀང་དུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཕྱོགས་སུ་བསྐྱོད་པ།

ཟླ་8ཚེས་26ཉིན། ཁྲོམ་སྐོར་ནང་ཞུགས་མཁན་གྲོང་མིས་ཤང་ཀང་དུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་ཕྱོགས་སུ་བསྐྱོད་པ།

  • 顶 0