ཝང་ཆི་ཧྲན་གྱིས་བུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁ་མུས་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

2019-08-20
0

1124895073_15662196077271n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀྲུང་ནན་ཧེ་ནས་བུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁ་མུས་ལོ་ཧྥུའུ་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། བུའུ་ཙི་པེ་ཁི་སི་ཐན་ནི་དར་གོས་ཚོང་ལམ་གྱི་གནའ་བོའི་རྒྱལ་ཁབ་ཡིན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ཉེར་བདུན་གྱི་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་འཐབ་ཇུས་འགོ་ཁྲིད་འོག ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད། ཀྲུང་གོ་དང་བུའུ་ཙི་པེ་ཁི་སི་ཐན་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་ཞིང་ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པར་མ་ཟད། ཧྲང་ཧེ་མཉམ་ལས་རྩ་འཛུགས་སོགས་སྣ་མང་སྟེགས་བུའི་སྟེང་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་དགོས་ཟེར།

ཁ་མུས་ལོ་ཧྥུའུ་ཡིས་བཤད་རྒྱུར། བུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་། ཕྱོགས་གཉིས་བར་གྱི་ཆབ་སྲིད་ཡིད་ཆེས་བརྟན་ཞིང་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེན་པོ་ཡོད།  བུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ས་གནས་ཀྱི་འཕེལ་རྒྱས་མཉམ་ལས་དང་བདེ་འཇགས་བརྟན་འཇགས་ཐད་ལ་འབད་བརྩོན་བྱས་པར་གདེང་འཇོག་ཆེན་པོ་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་སྦྲེལ་མཉམ་མཐུད་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སོགས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། བུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

  • 顶 0