ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་མཛད།

2019-08-20
0

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་མཛད།

ཟླ་བདུན་པའི་ཚེས་ཉེར་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལས་ཁུངས་ཀྱི་བྱ་བར་རྟོག་ཞིབ་མཛད། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ། འབུར་ཐོན་གནད་དོན་ལ་བརྟག་བཤེར་བྱེད་པ་དང་ཐག་བཅད་དེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས་ཟེར།

ཝང་ཧུའུ་ཉིང་གིས་སྤྱིའི་བཟོ་ཚོགས་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ལས་བྱེད་པ་སྐོར་ཞིག་དང་བཞུགས་མོལ་མཛད་དེ། ཁོ་ཚོས་བསམ་ཚུལ་ལ་ཉན། ཁོང་གིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་ན། གལ་ཆེན་ནང་གི་འགངས་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་ཚོགས་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། སློབ་སྦྱོང་བྱས་ནས་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པའི་སྟེང་ཤུགས་འདོན་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་ཟེར།

ཝང་ཧུའུ་ཉིང་གིས་བསྟན་དོན། བརྗོད་དོན་སློབ་གསོའི་སྤྱིའི་རེ་བ་དང་དམིགས་འབེན་ལས་འགན་ལ་རྒྱུས་ལོན་ཡང་དག་བྱས་ནས། སློབ་སྦྱོང་སློབ་གསོ་དང་བརྟག་བཤེར་ཞིབ་འཇུག གནད་དོན་ཞིབ་ལྟ། དག་ཐེར་ལེགས་བཅོས་བཅས་སྦྲེལ་མཐུད་བྱེད་དགོས། བཟོ་ཚོགས་རྩ་འཛུགས་དང་བཟོ་ཚོགས་བྱ་བའི་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་ཇེ་དྲག་ཏུ་གཏོང་བ་དོ་སྣང་བྱེད་པ་དང་། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ། ལས་བཟོ་བ་དང་མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་ནས། གནད་དོན་ཡང་དག་འཚོལ་བ་དང་རྩ་བའི་སྟེང་ནས་རྒྱུས་ལོན་གསལ་བོ་བྱེད་དགོས། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་གནད་དོན་བརྒྱད་ཐད་ནས་ཆེད་དོན་ལེགས་བཅོས་བྱེད་པའི་རེ་བ་ལྟར། གཞི་རིམ་དང་ལས་བཟོ་བ། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་གཅིག་བསྡུས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་དང་། གནད་དོན་ཐག་གཅོད་དགོས། རྩ་འཛུགས་འགོ་ཁྲིད་དང་སྐུལ་འདེད་མཛུབ་ཁྲིད་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་བཟོ་ཚོགས་ཀྱི་བྱ་བའི་རྣམ་པ་གསར་བ་སྐྲུན་པའི་སྒུལ་ཤུགས་སུ་བསྒྱུར་དགོས་ཟེར།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏུང་མེན་གྱིས་མཉམ་དུ་རྟོག་ཞིབ་བྱས།

  • 顶 0