ལིས་ཀྲན་ཧྲུའུ་ཡིས་ཐན་ཙན་ནི་ཡ་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨུན་ཏུའུ་ཅ་དབྱི་དང་གྲོས་མོལ་མཛད།

2019-08-20
0

ཤིན་ཧྭ་གསར་འགྱུར་དྲ་བས་གློག་འཕྲིན་འབྱོར་གསལ། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཐན་ཙན་ནི་ཡ་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨུན་ཏུའུ་ཅ་དབྱི་དང་གྲོས་མོལ་མཛད།

1124804436_15641531339011n.jpg

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་ཐན་ཙན་ནི་ཡ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་པས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཐན་ཙན་ནི་ཡའི་རྒྱལ་དམངས་གྲོས་ཁང་དང་མཉམ་དུ་རང་རང་གི་ཁྱད་སྟོབས་དང་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་ཐན་ཙན་ནི་ཡའི་ཉིས་སྟོང་ཉེར་ལྔ་ལོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་རེ་འདུན་དང་འབྲེལ་མཐུད་དམ་པོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་དང་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཐན་ཙན་ནི་ཡ་རྒྱལ་དམངས་གྲོས་ཁང་བར་གྱི་བརྗེ་རེས་དང་མཉམ་ལས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཕྱོགས་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། མཛའ་མཐུན་ཚན་ཆུང་སོགས་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་མང་དུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་ཞིང་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་དང་ས་གནས་བར་གྱི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་བར་གྱི་མཛའ་བཤེས་དང་རྒྱུས་ལོན་ཚད་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་དམངས་དོན་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད་ཟེར།

ཨུན་ཏུའུ་ཅ་དབྱི་ཡིས་བཤད་རྒྱུར། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོས་ཡུན་རིང་ལ་ཐན་ཙན་ནི་ཡ་རྒྱལ་ཁབ་དང་མི་དམངས་ལ་སྒེར་སེམས་མེད་པར་རོགས་རམ་བྱས་པར་བཀའ་དྲིན་ཆེ་ཞུ་པར་མ་ཟད་སྔོན་ཆད་དང་འདྲ་བར་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ངེས་ཡིན། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་གཞོགས་འདེགས་དམ་པོ་བྱས་ཏེ། ཧུར་ཐག་སྒོས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་གི་སྤྱི་ཁོག་ནང་དུ་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

  • 顶 0