ཝང་དབྱང་མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་ཞིབ་སྡུར་གྲོས་ཚོགས་ལ་ཞུགས།

2019-08-20
0

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་ཞིབ་སྡུར་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་གཞུང་ལུགས་ཞིབ་སྡུར་གྲོས་ཚོགས་ཚེས་ཉེར་བཞི་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། མི་དམངས་སྲིད་གྲོས་ལས་དོན་དེ་དུས་རབས་གསར་བར་སླེབས་པ་དང་། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་ཞིབ་འཇུག་ཐད་ནས་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། དུས་རབས་ཀྱི་གནད་དོན་དང་ལག་ལེན་གྱི་དགོས་མཁོ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་དགོངས་དོན་གལ་ཆེན་ལ་རྒྱུས་ལོན་དང་ཞིབ་འཇུག་བཟང་བོ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལོ་ངོ་བདུན་ཅུའི་རིང་གི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ལ་སྤྱི་སྡོམ་དང་དྲིལ་སྒྲོག་བཟང་བོ་བྱེད་པ། མི་དམངས་སྲིད་གྲོས་ལས་དོན་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བའི་གནད་དོན་གལ་ཆེན་ལ་གཞུང་ལུགས་སྟེང་འགྲེལ་བཤད་བཟང་བོ་བྱེད་པ་དང་དྲིས་ལན་བཟང་བོ་བྱེད་པ། མི་དམངས་སྲིད་གྲོས་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཆེད་དོན་གྲོས་མོལ་སྡེ་ཁག་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་ཐད་གཞུང་ལུགས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས་ཏེ། ཧུར་ཐག་གིས་དུས་རབས་གསར་བའི་མི་དམངས་སྲིད་གྲོས་གཞུང་ལུགས་ཞིབ་འཇུག་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར།

ཝང་དབྱང་གིས་མི་དམངས་སྲིད་གྲོས་གཞུང་ལུགས་ཞིབ་འཇུག་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་ཁྲོད་ཀྱི་གོ་གནས་གལ་ཆེན་དང་ནུས་པ་ཆེན་པོ་ཉིན་རེ་བཞིན་འབུར་ཐོན་ཡིན་པས། མི་དམངས་སྲིད་གྲོས་ཀྱི་གཞུང་ལུགས་ཞིབ་འཇུག་ཐད་ཀྱི་ཤུགས་འདོན་སར་རྒྱུས་ལོན་ཡང་དག་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་དང་ཁྱད་ལྡན་དགེ་མཚན་ཞིབ་འཇུག འགན་འཁྲི་ཁག་ཁུར་གསར་བར་ཞིབ་འཇུག་བྱེད་པའི་སྟེང་ཤུགས་འདོན་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དང་རིག་གཞུང་ཞིབ་འཇུག་གི་སྣང་ཚུལ་བཟང་བོ་བསྐྲུན་པ་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གཞུང་ལུགས་ཞིབ་འཇུག་དང་ལག་ལེན་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་བྱེད་པ། རྒྱུན་འཛིན་རང་བཞིན་དང་གསར་གཏོད་རང་བཞིན་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། གཞུང་ལུགས་ཞིབ་འཇུག་གྲུབ་འབྲས་ཀྱི་དྲིལ་སྒྲོག་ལ་དོ་སྣང་བྱེད་པ་དང་། འབྲེལ་ཡོད་སྟེགས་བུའི་འདྲེན་བྱེད་བཀོལ་སྤྱོད་བཟང་བོ་བྱེད་པ། སྤྱི་ཚོགས་ཀྱི་ཤན་ཤུགས་རྒྱ་སྐྱེད་དེ། ཞིབ་འཇུག་གྲུབ་འབྲས་ཀྱི་རིམ་པ་མང་བ་དང་རྣམ་པ་མང་བའི་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་ཆིན་ལིས་དང་ཞ་པོ་ལུང་གཉིས་ཀྱིས་སོ་སོར་གྲོས་ཚོགས་ལ་འགོ་མཛིན་བྱས།

  • 顶 0