​ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱིས་བློ་མཐུན་ལིས་ཕིན་སྐུ་གཤེགས་པའི་འདས་བརྡ་བཏང་།

2019-08-20
0

rmrb2019072401p26_b.jpg

བློ་མཐུན་ལིས་ཕིན་སྐུ་གཤེགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འདས་བརྡ་བཏང་། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་གཉིས་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅུ་གསུམ་པ་དང་སྐབས་བཅུ་བཞི་བ། སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྔོན་ཆད་ཀྱི་ཙུང་ལི། སྐབས་དགུ་བའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ལིས་ཕིན་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་གྱི་དུས་ཚོད་ཉེར་གསུམ་དང་སྐར་མ་བཅུ་གཅིག་གི་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་དགུང་ལོ་གོ་གཅིག་རེད།

བློ་མཐུན་ལིས་ཕིན་གཅིག་དགུ་ཉེར་བརྒྱད་ལོའི་ཟླ་བཅུ་བར་སྐུ་འཁྲུངས་པ་དང་སི་ཁྲོན་ཁྲིན་ཏུའུ་ཡི་མི་རེད། གཅིག་དགུ་ཞེ་ལྔ་ལོའི་ཟླ་བཅུ་གཅིག་པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། གཅིག་དགུ་གོ་བདུན་ལོའི་ཟླ་དགུ་བར། བློ་མཐུན་ལིས་ཕིན་ཀྲུང་གུང་སྐབས་བཅོ་ལྔ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱུན་ལས་ཨུ་ཡོན་ལ་བདམས་པ་དང་། གཅིག་དགུ་གོ་བརྒྱད་ལོའི་ཟླ་གསུམ་པར། རྒྱལ་ཡོངས་དམངས་ཆེན་སྐབས་དགུ་བའི་གྲོས་ཚོགས་ཐེངས་དང་པོའི་སྟེང་ཁོང་ཉིད་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལ་བདམས། ཉིས་སྟོང་གསུམ་ལོའི་ཟླ་གསུམ་པར་བློ་མཐུན་ལིས་ཕིན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་ཁུར་མཚམས་བཞག འགོ་ཁྲིད་ཀྱི་ལས་གནས་སུ་མར་བབས་རྗེས། ཁོང་གིས་བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཧུའུ་ཅིན་ཐོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་ལ་གུང་བཀུར་དང་རྒྱབ་སྐྱོར་བྱས་ཤིང་། བློ་ཐག་རྦད་ཆོད་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་ལ་གུང་བཀུར་དང་རྒྱབ་སྐྱོར་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་ལ་ཐུགས་ཁུར་གནང་ཞིང་བློ་བརྟན་འགྱུར་མེད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས།

བློ་མཐུན་ལིས་ཕིན་གྱི་མི་ཚེ་ནི་གསར་བརྗེ་ཡི་མི་ཚེ་དང་འཐབ་འཛིང་གི་མི་ཚེ། འོད་སྟོང་འབར་བའི་མི་ཚེ་ཡིན་ལ། བློ་སེམས་བརྩེ་གཅིག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་གུང་ཁྲན་རིང་ལུགས་ཀྱི་ལས་དོན་ལ་འབད་འཐབ་བྱས་པའི་མི་ཚེ་ཡང་ཡིན། ཁོང་ཉིད་སྐུ་གཤེགས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན། ང་ཚོས་ཁོང་གི་གསར་བརྗེ་སྙིང་སྟོབས་དང་བླ་མེད་ཀུན་སྤྱོད། སྤྱོད་ཚུལ་བཟང་བོར་སློབ་སྦྱོང་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁབ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས། བློ་མཐུན་ལིས་ཕིན་གྱི་མཛད་རྗེས་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག

  • 顶 0