ལིས་ཁི་ཆང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

2019-08-20
0

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། འབྲེལ་བ་བཙུགས་པའི་ལོ་ངོ་སོ་ལྔའི་རིང་། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་དང་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་སོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་འཚམས་འདྲི་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བཏང་། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་ཆབ་སྲིད་རང་རྟོན་མུ་མཐུད་དུ་སྲ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ། ཁྱོན་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཐད་ནས་ཁ་གསབ་རང་བཞིན་ལྡན་པ་དང་། མཉམ་ལས་ཀྱི་མདུན་ལྗོངས་ཧ་ཅང་རྒྱ་ཆེ། ཀྲུང་གོར་ཚོང་ར་ཆེན་པོ་དང་རྒྱུན་མ་ཆད་པར་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཐོན་ལས་ཡོད་པ་དང་། སྒོ་འབྱེད་རིམ་བཞིན་དུ་རྒྱ་སྐྱེད་ཀྱིན་ཡོད་ལ། ཤུགས་ཆེན་པོས་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་རང་བཞིན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་བཞིན་ཡོད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་བདག་དབང་རྒྱུ་ནོར་ཐེབས་རྩ་དང་མི་སྒེར་གྱི་མ་རྩ་སོགས་ཀྱིས་ཀྲུང་གོར་དངུལ་གཏོང་ཚད་མུ་མཐུད་དུ་ཇེ་ཆེར་གཏོང་བར་དགའ་བསུ་བྱེད་ཀྱིན་ཡོད་པ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནང་དུ་འདུ་བའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་དང་མཉམ་དུ་ཀྲུང་གོ་དང་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་བར་གྱི་རང་དབང་ཉོ་ཚོང་ཁུལ་གྱི་གྲོས་སྡུར་སྤེལ་འདོད་ཡོད་ཟེར།

མུའུ་ཧན་མོ་ཏི་ཡིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཐད་ཡིད་ཆེས་བརྟན་པོ་བཅངས་ཡོད་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོར་དངུལ་གཏོང་ཚད་ཇེ་ཆེར་གཏོང་འདོད་ཡོད་ཟེར། ཝང་དབྱི་དང་ཧི་ལིས་ཧྥུན་གཉིས་མཇལ་འཕྲད་ལ་ཞུགས།

  • 顶 0