རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་མདུན་དུ་དམ་བཅའ་བའི་མཛད་སྒོ་བསྡུས་པ་དང་ལིས་ཁི་ཆང་གིས་དམ་བཅའ་བར་ལྟ་སྐུལ་བྱས།

2019-07-17
0

1124725856_15625884450251n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧེ་ནས་རྩ་ཁྲིམས་མདུན་དུ་དམ་བཅའ་བའི་མཛད་སྒོ་བསྡུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དམ་བཅའ་བར་ལྟ་སྐུལ་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁུངས་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ཀྱི་བྱ་བ་སྒྲུབ་མཁན་མི་སྣས་རྩ་ཁྲིམས་མདུན་དུ་དམ་བཅའ་བའི་རྩ་འཛུགས་བྱེད་ཐབས་ལྟར། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པ་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པའི་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་བྱས་པའི་སྡེ་ཁག་དང་ལས་ཁུངས་ཉེར་ལྔའི་འགན་འཁུར་བ་ཉེར་བརྒྱད་ཀྱིས་ཁྲིམས་ལྟར་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་སྟེང་། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཞའོ་ཅེ་ཡིས་རྩ་ཁྲིམས་མདུན་དུ་དམ་བཅའ་བའི་མཛད་སྒོ་འགོ་བརྩམས་པ་ཁྱབ་སྒྲོག་བྱས་རྗེས། ཚང་མ་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་སུ་ཚང་མས་དམ་བཅའ་བཞག

དམ་བཅའ་བཞག་རྗེས། ལིས་ཁི་ཆང་གིས་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས་ལ། རྩ་ཁྲིམས་ལ་བློ་དཀར་ཞིང་ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་ཀྱིས་མཛེས་པའི་འཚོ་བར་རེ་སྙེག་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། འགན་འཁྲི་ལག་བསྟར་དང་དངོས་སྒྲུབ་ཁག་ཁུར་བྱེད་པ་དང་། སྤྱོད་གཙང་སྲིད་གཙང་བྱེད་དགོས་ལ། སྔར་ལས་ལེགས་པའི་རྣམ་འགྱུར་བཅངས་པ་དང་སྔར་ལས་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་བཟུང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་ཀྱི་མཛེས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་ཐུགས་རེ་བཏོན། 

  • 顶 0