ཝང་ཆི་ཧྲན་འཛམ་གླིང་ཞི་བདེ་གླེང་སྟེགས་སྐབས་བརྒྱད་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

2019-07-17
0

1124725056_15625812354091n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས8ཉིན། རྒྱལ་སྤྱིའི་སྒྲིག་ལམ་བརྟན་འཇགས་སུ་བཏང་སྟེ་མཉམ་ཁུར་དང་མཉམ་སྐྱོང་། མཉམ་སྤྱོད་བཅས་བྱེད་པ་བརྗོད་དོན་གཙོ་བོ་ཡིན་པའི་འཛམ་གླིང་ཞི་བདེ་གླེང་སྟེགས་སྐབས་བརྒྱད་པ་ཆིན་ཧྭ་སློབ་ཆེན་དུ་བསྡུས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གླེང་སྟེགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཝང་ཆིན་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་གསར་བ་བཙུགས་པའི་ཚུན་ལ། ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དེ་ཁ་རྒྱབ་གནད་དོན་ཐག་བཅད་མེད་པ་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ལོ་རྒྱུས་འཕེལ་རིམ་མངོན་འགྱུར་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་བསུས་བྱུང་། ཀྲུང་གོའི་འཕེལ་རྒྱས་དེ་འཛམ་གླིང་དང་འབྲལ་ཐབས་མེད་པ་དང་འཛམ་གླིང་གི་འཕེལ་རྒྱས་དེ་ཀྲུང་གོ་དང་འབྲལ་ཐབས་མེད། དེང་སྐབས་རྒྱལ་སྤྱིའི་སྒྲིག་ལམ་སྒྱུར་བཅོས་དང་ལེགས་སྒྲིག་བྱེད་པར་དམིགས་ཏེ། ཀྲུང་གོས་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་དང་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ་ཕྱོགས་མང་རིང་ལུགས་ཀྱི་རྨང་གཞི་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཐབས་ལམ་རྒྱ་བསྐྱེད་པ། དཔལ་ཡོན་ཐད་ནས་ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བ། ལག་རྡང་སྦྲེལ་ཏེ་མིའི་རིགས་ཀྱི་ཐུན་མོང་གི་འགྲན་རྩོད་གསར་བར་ཁ་གཏད་འཇལ་བའི་འདོད་ཚུལ་བཏོན་པར་མ་ཟད་རྒྱལ་ཁབ་སོ་སོས་ཞི་བའི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་སྲུང་བྱེད་པ་དང་འགྱུར་བ་མེད་པའི་སྒོ་ནས་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་བཏང་སྟེ་སྔར་ལས་དྲག་བཞག་ལུགས་མཐུན་དང་བརྟན་འཇགས་ནུས་ལྡན་གྱི་རྒྱལ་སྤྱིའི་སྒྲིག་ལམ་མཉམ་དུ་གསར་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་ཟེར། 

  • 顶 0