ལིས་ཀྲན་ཧྲུའུ་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་བརྗེ་རེས་བཞུགས་མོལ་ཚོགས་འདུར་ཞུགས།

2019-07-17
0

1124706852_15621612231781n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་གཉིས་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད་དེ་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའི་བརྗེ་རེས་ཚོགས་འདུར་ཞུགས་པའི་ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་དང་བརྗེ་རེས་བཞུགས་མོལ་བྱས།   ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཐུན་སྦྱོར་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་དམངས་ཆེན་གྱིས་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་ས་གནས་དམངས་ཆེན་བར་གྱི་འབྲེལ་འདྲིས་ཇེ་དམ་དུ་བཏང་ནས། དུས་རབས་གསར་བའི་དམངས་ཆེན་བྱ་བའི་སྤྱིའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྟེང་། ཞིང་ཆེན་རིམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོས་དོན་དངོས་ཟུང་འབྲེལ་བྱས་ཏེ། དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པ་དང་། དམངས་ཆེན་བྱ་བའི་སྤྱིའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐད་ནས་བསམ་ཚུལ་བཏོན་པ་དང་མྱོང་ཚོར་བརྗོད། ལིས་ཀྲན་ཧྲུའུ་ཡིས་ཚང་མའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་གསུངས་རྒྱུར། ས་གནས་དམངས་ཆེན་གྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་བཞི་བཅུའི་རིང་ལ། ཁྲིམས་ལྟར་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་དང་། ས་གནས་ཀྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་མ་ཟད་རྒྱལ་ཡོངས་དམངས་ཆེན་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་དང་གཞོགས་འདེགས་དམ་པོ་བྱས་ཟེར།

  • 顶 0