ལིས་ཁི་ཆང་གིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་བཱ་པུའུ་ལ་མཇལ་འཕྲད་གནང་།

2019-07-17
0

1124696425_15619891198161n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏ་ལིན་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་བཱ་པུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་འཛམ་གླིང་དཔལ་འབྱོར་གླེང་སྟེགས་བར་གྱི་མཉམ་ལས་དང་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་གཉིས་ཕལ་ཆེར་དུས་མཉམ་དུ་ལག་བསྟར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕན་འབྲས་མངོན་གསལ་ལྡན་པའི་མཉམ་ལས་བྱས་པས། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལས་དོན་ཐད་ལ་རོགས་འདེགས་བྱས་པ་དང་འཛམ་གླིང་དཔལ་འབྱོར་བཅོས་སྐྱོང་གྲོས་བསྡུར་བྱེད་པར་སྟེགས་བུ་གལ་ཆེན་ཞིག་འདོན་སྤྲོད་བྱས། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་དང་ལྷན་དུ་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་ནས་ཁྱབ་ཁོངས་མང་པོ་ནས་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། སྐོར་ཐེངས་གསར་བའི་བཟོ་ལས་གསར་བརྗེ་ཡི་གོ་སྐབས་དམ་འཛིན་བྱས་ཏེ་མུ་མཐུད་དུ་དབྱར་ཁའི་ཏ་བོ་སི་གླེང་སྟེགས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་།  ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་མཉམ་དུ་སྲུང་སྐྱོབ་བྱེད་པར་མ་ཟད་སྒོ་འབྱེད་བཟོད་སྒོམ་གྱི་འཛམ་གླིང་དཔལ་འབྱོར་མ་ལག་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

ཧྲི་བཱ་པུའུ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་གོའི་འཕེལ་རྒྱས་ལ་ཞབས་ཕྱི་བཟང་བོ་ཞུ་འདོད་ཡོད་ཅེས་བསྟན།

  • 顶 0