ལིས་ཁི་ཆང་གིས་པུར་ཀ་རི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

2019-07-17
0

1124696429_15619890721631n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁི་ཆང་གིས་ཏ་ལེན་ནས་པུར་ཀ་རི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར་ཏ་ལེན་ནས་པུར་ཀ་རི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ལ་མཇལ་འཕྲད་གནང་། ལིས་ཁི་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་པུར་ཀ་རི་ཡའི་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་དང་འཕྲད་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་སྣ་ཚོགས་ཐེག་ནས། ཐོག་མཐའ་བར་གསུམ་དུ་བདེ་ཐང་གཏན་འཇགས་ཀྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་པེ་ཅིན་ནས་གྲོས་མོལ་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བཟང་བོ་བྱས། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རི་ཡ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་མཐུན་གཏིང་ཟབ་ཏུ་སྤེལ་བ་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་བརྗེ་རེས་ཇེ་དམ་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོན་པོ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ཏེ། ཕྱོགས་གཉིས་སྒོ་འབྱེད་ཀྱི་རྩ་དོན་གཞིར་བཟུང་ནས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རི་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་དང་། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་གྱི་སྒྲོམ་གཞིའི་ནང་གི་བརྗེ་རེས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད་ཟེར།

ལཱ་ཏི་ཧྥུའུ་ཡིས་བསྟན་དོན། ཀྲུང་གོ་ནི་པུར་ཀ་རི་ཡའི་ཆེས་གལ་ཆེ་བའི་ཉོ་ཚོང་མཉམ་ལས་གྲོགས་པོ་ཡིན། པུར་ཀ་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཉོ་ཚོང་དངུལ་གཏོང་དང་ཚན་རྩལ། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད་ཟེར། ཝང་དབྱི་དང་ཞའོ་ཅེ། ཧི་ལི་ཧྥུན་བཅས་མཇལ་འཕྲད་ལ་ཞུགས། 

  • 顶 0