ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཁྱབ་བསྒྲགས་བྱས།

2019-06-05
0

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས3ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཚོན་རྟགས་ཁྱབ་བསྒྲགས་བྱས། 

བྱ་འགུལ་གྱི་མཚོན་རྟགས་ནི་ཨང་ཀི་བདུན་ཅུ་དང་རྒྱལ་ཁབ་ཀྱི་སྣང་བརྙན་མཚོན་པའི་སྐར་ལྔའི་རྒྱལ་རྟགས་དང་བཅས་གནམ་བདེ་སྒོ་མོ་ཆེ་དེ་དཀྱིལ་སྙིང་གི་འཆར་འགོད་གྲུབ་ཆ་རུ་བྱས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་འཁོར་བའི་རྟེན་འབྲེལ་བྱ་འགུལ་གྱི་བརྗོད་དོན་དང་དམ་པོར་སྦྲེལ་ཡོད། བྱ་འགུལ་གྱི་མཚོན་རྟགས་ཁྲོད་དུ་ཨང་ཀི་བདུན་ཅུ་དེ་ལོ་རྒྱུས་ཀྱི་རྣམ་པ་གསར་བ་ངང་གིས་ཕྱེས་པའི་མཐོང་ཚོར་གྱི་གྲུབ་འབྲས་ལྟར་འཆར་འགོད་བྱས་ཡོད་པར་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་ལས་རིགས་སོ་སོའི་རྣམ་པ་གསར་བ་འབུར་དུ་ཐོན་པར་བྱས་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་འགོ་ཁྲིད་འོག་ཏུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སྐྱོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཏེ་ལོ་རྒྱུས་ཀྱི་ལེའུ་གསར་བ་བྲིས་པ་མཚོན་ཡོད། །



  • 顶 0