ཝང་ཆི་ཧྲན་གྱིས་འཇར་མན་ལ་འཚམས་འདྲི་མཛད།

2019-06-18
0

1124574292_15594804460741n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་ལྔ་བའི་ཚེས་སུམ་ཅུ་ཉིན་ནས་ཟླ་དྲུག་པའི་ཚེས་གཉིས་ཉིན་བར་འཇར་མན་ལ་འཚམས་འདྲི་མཛད་པར་མ་ཟད་པའོ་ལིན་ནས་ཙུང་ཐུང་ཧྲི་ཐེ་དབྱིན་མེད་ཨར་དང་ཙུང་ལི་མའོ་ཁི་ཨར། ཕྱི་འབྲེལ་པུའུ་ཀྲང་མ་སི་བཅས་ལ་མཇལ་འཕྲད་གནང་།

ཧྲི་ཐེ་དབྱིན་མེད་ཨར་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་གཙོ་བོ་དང་ཤུགས་རྐྱེན་ཆེན་པོ་ཐེབས་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཛམ་གླིང་རང་བཞིན་གྱི་དོན་སྙིང་ལྡན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་དུ་འབྲེལ་འདྲིས་དང་འགྲོ་འོང་མང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། བདག་གིས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཀྲུང་གོ་དང་འཇར་མན་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་གནས་བབ་གསར་བ་དང་འཕྲད་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་འཛམ་གླིང་ལ་མཉམ་ལས་མཉམ་རྒྱལ་གྱི་དཔེ་གཞི་འཛུགས་དགོས་པ་དང་། འཛམ་གླིང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

མའོ་ཁི་ཨར་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་ནི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོ་ཡིན་པས། ཕྱོགས་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་པ་དང་འཛམ་གླིང་བཅོས་སྐྱོང་མ་ལག་དེ་སྔར་ལས་དྲང་བདེན་ལུགས་མཐུན་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་མཉམ་དུ་གཏན་འཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་ཡོ་རོབ་གླིང་ལ་ལྟ་ཚུལ་ཡང་དག་འཛིན་པ་དང་། བློ་ཐག་རྦད་ཆོད་སྒོས་ཡོ་རོབ་གླིང་གཞི་གཅིག་ཅན་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

མ་སི་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་གཉིས་ཀྱིས་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་ཕྱོགས་མང་རིང་ལུགས་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། འཛམ་གླིང་གི་ཞི་བདེ་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་སུ་ཐུན་མོང་ཁེ་ཕན་ཡོད་པས། དུས་སྐབས་རྗེས་མར་རྒྱལ་ཁབ་གཉིས་ཀྱིས་ཀྲུང་གོ་དང་འཇར་མན་བར་དང་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་མཉམ་ལས་མཉམ་རྒྱལ་གྱི་ཁ་ཕྱོགས་ཆེན་པོ་དམ་འཛིན་བྱས་ཏེ། འཛམ་གླིང་ཡོངས་ལ་སྔར་ལས་མང་བའི་དྲང་ཚད་ཀྱི་ནུས་ཤུགས་སྣོན་དགོས་ཟེར།

  • 顶 0