ས་གནས་ཁག་གིས་སྣེ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཉེར་ནས། སྤྲོ་སེམས་ཆེན་པོས་ཆེད་མངགས་ཞིང་པ་ཚོར་གསར་དུ་བཙུགས་པའི་དུས་ཆེན་ལ་བསུ་བ་ཞུས་པ།

2018-09-24

 

  ༼ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་༽དང་པོ་སླེབས་གྲབས་ཡོད་པའི་སྐབས་སུ། ས་གནས་ཁག་གིས་སྣེ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཉེར་ནས། སྤྲོ་སེམས་ཆེན་པོས་ཆེད་མངག་ཞིང་པ་ཚོར་གསར་བཙུགས་བྱས་པའི་དུས་ཆེན་དེར་བསུ་བ་ཞུས་ཡོད།

  འབྲི་ཆུ་དང་ཧོའེ་ཧེ་གཙང་པོ་འགྲམ་རྒྱུད་ཀྱི་འབྲུ་མཛོད་དུ་གྲགས་པའི་ཨན་ཧུལ་ཧྥུ་ཡང་དུ་དུས་ཡུན་ཉིན་གསུམ་གྱི་ཞིང་པའི་ལོ་ལེགས་དུས་ཆེན་བཏང་བ་དང་། ཞིང་འཕྲུལ་སྒྲིག་ཆས་འགྲེམས་ཁུལ་དུ་མི་མེད་འཕྲུལ་འཁོར་བཅུ་གྲངས་དུས་གཅིག་ཏུ་ནམ་མཁར་འཕུར་ཏེ་ཚོན་ཁྲ་ཅན་གྱི་གྲོ་ཞིབ་ས་གཞིར་གཏོར་བ་དང་། ཞིང་ལས་གོང་འཕེལ་ཚན་རྩལ་ཅན་དང་། རིག་ནུས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པ་མངོན་ཡོད། ཞིང་པ་ལི་མིང་ལེ་ཡིས། ད་ཆ་ཚང་མ་འཕྲུལ་ཆས་ཅན་དུ་འགྱུར་བས། འབྲུ་རིགས་བརྔ་བསྡུ་བྱེད་པར་དཀའ་ལས་མེད་ལ། དེ་སྔོན་ལས་མགྱོགས་པ་དང་། ཚན་རྩལ་མཐོ་བའི་འཕྲུལ་ཆས་དེ་དག་དངོས་གནས་ཡག་པོ་འདུག་ཅེས་བཤད་ཡོད་པ་རེད།

  ཅང་སུའུ་ནན་ཅིང་དུ། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་དང་སྐབས་བཅུ་བཞི་པའི་ཀྲུང་གོ་ནན་ཅིང་ཞིང་ལས་དུས་སྟོན་གཉེར་ཡོད། བྲིས་ཚར་མེད་པའི་རིང་ཚད་ལ་རྨི་བཅུ་ཙམ་ཡོད་པའི་༼ལོ་ལེགས་རྟེན་འབྲེལ་༽ཞེས་པའི་རི་མོ་ཆེན་པོ་དལ་བུར་ཁ་ཕྱེ་བ་དང་སྦྲགས། ཞིང་པ་རི་མོ་མཁས་ཅན་ཁག་ཅིག་གིས་ལག་ཏུ་པིར་སྨྱུག་བཟུང་སྟེ་ནན་ཏན་ངང་རི་མོ་དེའི་མཇུག་བསྡུ་བཞིན་ཡོད་པ་རེད། ནན་ཅིང་ཞིང་པའི་རི་མོའི་སྒྱུ་རྩལ་ལྟེ་གནས་ཀྱི་ཀྲུའུ་རིན་ཧུའུ་པིན་གྱིས། ལོ་ལེགས་བྱུང་བ་དེ་ཞིང་པ་ཚོའི་ངོས་ནས་བརྗོད་ན་ཤིན་ཏུ་དགའ་འོས་པའི་བྱ་བ་ཞིག་རེད། ཞིང་པའི་རི་མོར་ཅུང་སྒྲོ་འདོགས་ཆེ་བའི་ཁྱད་ཆོས་ཡོད་པ་དང་། རི་མོའི་ནང་གི་མི་དེ་ཚོའི་གདོང་ལས་སེམས་པ་ཤིན་ཏུ་སྐྱིད་པོ་བྱུང་བའི་རྣམ་འགྱུར་བསྟན་ཡོད་ཅེས་བཤད་ཡོད་པ་རེད།

  ༼ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་༽ཐེངས་དང་པོའི་ཧྲའན་ཤི་ཡང་ལིན་གྱི་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་ཡུལ་དངོས་ལ། སྤུས་དག་གི་ཞིང་ལས་ཐོན་རྫས་སྣ་ཚོགས་འགྲེམས་སྟེགས་སུ་མཐོང་རྒྱུ་ཡོད་པ་མ་ཟད། གྲགས་ཅན་གློག་རྡུལ་ཚོང་སྟེགས་༼ཡང་ལིན་ཡན་ལག་ཚོགས་ར་༽ཡི་འཕྲིན་ལམ་ཐོག་ཏུ་ཡང་མཐོང་རྒྱུ་ཡོད་པ་རེད།

  ཡང་ལིན་ཚོད་ལྟ་ཁུལ་དཔལ་འབྱོར་ཉོ་ཚོང་བདེ་འཇགས་ལྟ་སྐུལ་ཅུས་ཀྱི་ལས་དོན་མི་སྣ་ཉེ་ཁྲོའོ་ཡིས། དེ་རྒྱལ་ཡོངས་ཀྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་སྤོས་པ་ལྟར་རེད། དེས་ཞིང་པ་རྣམས་ལ་ཕན་པ་དེ་བས་ཆེ་བ་བསྐྲུན་ཐུབ་ཅེས་བཤད་ཡོད་པ་རེད།

<