ཀྲུང་གོ་ཚོགས་ཆེན་གཉིས་ཀྱི་དུས་ལ་སླེབས་པ་དང་། རྒྱལ་སྤྱིའི་གླེང་ཕྱོགས་ནས་ཀྲུང་གོར་དོ་ཁུར་བྱེད་པ།

2018-03-05

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དེ་སྤྱི་ཚེས་3ཉིན་གྱི་ཕྱི་དྲོར་པེ་ཅིན་དུ་སྐོང་འཚོགས་བྱས་པ་དང་བསྟུན། ཀྲུང་གོ་ཉིད་ཚོགས་ཆེན་གཉིས་ཀྱི་དུས་སུ་སླེབས་པ་མཚོན།

  ད་ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཡིན་ལ། ཀྲུང་གོར་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཡིན་པ་མ་ཟད། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཞིག་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པ་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་མཐུད་ཀྱི་འགག་རྩའི་ལོ་ཞིག་བཅས་ཡིན་པས། ད་ལོའི་ཚོགས་འདུ་གཉིས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཚད་མཐོའི་དོ་ཁུར་བྱེད་པ་དང་། ཕྱི་རྒྱལ་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་ཐོག་ཀྲུང་གོར་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་བརྗིད་ཆེའི་དམིགས་འབེན་མངོན་འགྱུར་བྱེད་པར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

 

  འཇར་མན་རླུང་འཕྲིན་ཁང་གི་དྲ་ཚིགས་ཐོག རྒྱལ་སྤྱིའི་གླེང་ཕྱོགས་ཀྱིས་ད་ལོའི་ཚོགས་ཆེན་གཉིས་ཀྱི་དོ་ཁུར་བྱ་ཡུལ་དེ་གལ་ཆེའི་གྲོས་གཞི་ཁག་ཅིག་གི་ཐད་དོ་ཁུར་སྔར་བས་མང་བ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

  ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཀྲུང་གོ་དེ་ཉིད་རེས་འཁོར་གསར་པའི་བསྒྱུར་བཅོས་དུས་འཁོར་ལ་སླེབས་ཟིན་པ་དང་། འཕོ་འགྱུར་གལ་ཆེན་ཁག་ཅིག་ཐོན་བཞིན་ཡོད། ཀྲུང་གོའི་འགོ་ཁྲིད་རིམ་པས་ཁོང་རྣམ་པས་ངོས་འཛིན་གནང་བའི་སྲིད་ཇུས་ཡག་ཤོས་ལག་བསྟར་བྱ་རྒྱུ་རེད་ཅེས་བཀོད་ཡོད།

  ཨ་རིའི་ཧྭའར་ཁྲོམ་གཞུང་གི་ཉིན་རེའི་ཚགས་པར་ཞེས་པའི་ཐོག་གནས་ཚུལ་འགོད་སྤེལ་བྱས་ནས། ད་ལོའི་ཚོགས་འདུ་གཉིས་ཀྱི་རིང་ཀྲུང་གོའི་སྲིད་གཞུང་ལས་ཁུངས་ཀྱི་བསྒྱུར་བཅོས་ཇུས་གཞིར་གྲོས་ཞིབ་བྱ་རྒྱུ་ཡིན་པས། རྒྱལ་ཁབ་ཁག་གི་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད།

  དབྱིན་ཇིའི་ལུའུ་ཐོའུ་གསར་འགྱུར་ཁང་གིས་ཚོགས་འདུ་གཉིས་རིང་ཐོན་བཟོ་ཡོད་པའི་དཔལ་འབྱོར་བསྒྱུར་བཅོས་ཀྱི་བྱ་ཐབས་གསར་པ་དང་། རྒྱལ་ཁབ་ལས་ཁུངས་བསྒྱུར་བཅོས་སོགས་ཀྱི་ནང་དོན་ལ་དོ་ཁུར་བྱེད་བཞིན་ཡོད་པ་རེད།

  ལྗར་པན་ཐུན་མོང་གསར་འགྱུར་ཁང་གིས་མུ་མཐུད་ནས་དཔལ་འབྱོར་ཁྱབ་ཁོངས་ཁྲོད་ཀྲུང་གོའི་སྲིད་གཞུང་གིས་བསྒྱུར་བཅོས་ཇུས་གཞི་གང་ཞིག་འདོན་མིན་ཐད་དོ་ཁུར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

  སྤྱི་ཁྱབ་པུའུ་དབྱིན་ཇིའི་ལུན་ཏུན་དུ་བཀོད་སྒྲིག་བྱས་པའི་ཨ་རབ་ཡི་གེའི་ཚགས་པར་འཚོ་བའི་ཚགས་པར་ཞེས་པའི་ཐོག་རྩོམ་ཡིག་སྤེལ་ནས། ཀྲུང་གོའི་གུང་ཁྲན་ཏང་གིས་ཏང་དང་རྒྱལ་ཁབ་ལས་ཁུངས་ལ་བསྒྱུར་བཅོས་བྱ་རྒྱུའི་འཆར་གཞི་ཡོད་པས། དེས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་ཐེབས་རྒྱུ་དང་། ཁྱོན་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

  ཀྲུང་གོའི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་འགོད་སྤེལ་ཐེངས་མང་བྱེད་མྱོང་བའི་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་ཡིན་པའི་ངོས་ནས། ཨེའར་ལན་སྐབས་བསྟུན་ཚགས་པར་ཞེས་པའི་གསར་འགོད་པ་རྒན་གྲས་ཁོ་ཧྥུ་ཏེས། རང་ཉིད་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་རྗེས་ཀྱི་ཀྲུང་གོའི་བཀོད་སྒྲིག་གསར་པ་དང་སྲིད་ཇུས་གསར་པར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཐེངས་འདིའི་ཚོགས་འདུ་གཉིས་ཀྱི་ཐོག་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གང་འདྲ་བྱས་ཏེ་མངོན་མཚོན་བྱེད་པ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་ཡོད།

<