ཀྲུང་གོའི་པྲོག་གསར་རིམས་འགོག་སྨན་ཁབ་ཐོག་མ་ཁོ་ལོམ་པི་ཡ་རྒྱལ་ཁབ་དུ་འབྱོར་བ།

2021-02-26
0


འདི་ནི་ཟླ2པའི་ཚེས20ཉིན་ཁོ་ལོམ་པི་ཡའི་པོ་ཀོ་ཏ་ཨེར་ཏུའོ་ལ་ཏུའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་ལས་དོན་མི་སྣས་ཁོ་ཤིན་རིམས་འགོག་སྨན་ཁབ་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་གྱི་ཕྱི་དྲོ་ཀྲུང་གོའི་ཁོ་ཤིན་ཀུང་སིས་ཐོན་སྐྱེད་བྱས་པའི་རིམས་འགོག་སྨན་ཁབ་ཐོག་མ་དེ་ཁོ་ལོམ་པི་ཡའི་རྒྱལ་ས་ཕོ་ཀེ་ཏ་རུ་དབོར་འདྲེན་བྱས་ཤིང་། ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་ཡིས་རིམས་འགོག་སྨན་ཁབ་དང་ལེན་བྱེད་ས་རུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ཁོ་ལོམ་པི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཤུགས་འདོན་སྤེལ་བྱས་ཏེ་མགྱོགས་མྱུར་ངང་རིམས་འགོག་སྨན་ཁབ་དམིགས་སར་འབྱོར་ཐུབ་པ་བྱུང་བ་འདིས་ཁོ་ལོམ་པི་ཡའི་མི་དམངས་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད་ལ། རིམས་འགོག་སྨན་ཁབ་འདི་དག་གིས་དེ་ལས་མང་པའི་ནད་པའི་ཚེ་སྲོག་སྐྱོབ་ཐུབ་པ་རེད་ཅེས་བཤད།

འདི་ནི་ཟླ2པའི་ཚེས20ཉིན་ཁོ་ལོམ་པི་ཡའི་པོ་ཀོ་ཏ་རུ་ལས་དོན་མི་སྣས་ཁོ་ཤིན་རིམས་འགོག་སྨན་ཁབ་ཁོ་ལོམ་པི་ཡའི་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་མཛོད་ཁང་དུ་དབོར་འདྲེན་བྱེད་བཞིན་པའི་རྣམ་པ་རེད།

འདི་ནི་ཟླ2པའི་ཚེས20ཉིན་ཁོ་ལོམ་པི་ཡའི་འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་མཛོད་ཁང་དུ་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་ཡིས་རིམས་འགོག་སྨན་ཁབ་དང་ལེན་བྱེད་པའི་མཛད་སྒོའི་སྟེང་གསུང་བཤད་གནང་བཞིན་པའི་རྣམ་པ་རེད།


  • 顶 0