རྒྱ་གར་བྱང་རྒྱུད་དུ་འཁྱགས་རོམ་ཆག་གས་བྱུང་བ།

2021-02-10
0

  

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། རྒྱ་གར་བྱང་རྒྱུད་ཀྱི་ཨ་ཁེན་ཏེ་མངའ་སྡེའི་དབུ་བཞུགས་དྲུང་ཡིག་ཕུའུ་ལ་ཁ་ཧྲི་ཡིས། ས་གནས་དེ་གའི་སྨྱན་སྦྱོར་ལ་བྱང་ཨ་ཁེན་ཏེ་མངའ་སྡེར་ཉིན་དེར་འཁྱགས་རོམ་ཆག་གས་བྱུང་ནས་ཆུ་ལོག་ཐོན་ཡོད་པ་དང་། ཚོད་དཔག་བྱས་ན་མི་100ནས་150བར་གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་བཤད་པ་རེད། 
   རྒྱ་གར་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཆག་གས་བྱུང་བའི་འཁྱགས་རོམ་ཆུའི་ནང་ལྷུང་ནས་ཆུ་ལོག་བྱུང་བཅུག་པ་དེས་ཆུ་གློག་ས་ཚིགས་གཅིག་དང་གཙང་ངོགས་ཀྱི་ཁང་པ་ཁག་གཅིག་གཏོར་བ་དང་ཉེ་འགྲམ་དུ་ཨར་ལས་བྱེད་མཁན་བཟོ་པ་དང་ས་གནས་དེ་གའི་གྲོང་མི་ཁག་གཅིག་གར་སོང་ཆ་མེད་དུ་གྱུར་བཅུག་ཡོད།
   རྒྱ་གར་གྱི་ཙུང་ལི་མོ་ཏིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐུའེ་ཐེ་ཐོག་“སྟབས་མི་ལེགས་པའི་གནས་ཚུལ”དེར་ཁོང་གིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་འབྲེལ་ས་གནས་དེ་གའི་དཔོན་རིགས་དང་མཐུན་སྦྱོར་ངང་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ཅེས་བཤད་ཡོད།
   བྱང་ཨ་ཁེན་ཏེ་མངའ་སྡེའི་སྲིད་གཞུང་གིས་འབྲེལ་ཡོད་ས་ཁུལ་ལ་གནོད་སྐྱོན་གནས་ཚུལ་གྱི་ཉེན་བརྡ་བཏང་བ་དང་འབྲེལ་རོགས་སྐྱོབ་ཀྱང་བྱས་པ་རེད། རྒྱ་གར་རྒྱལ་ཡོངས་གེགས་སེལ་འཕྲལ་སྡོམ་དཔུང་སྡེས་རོགས་སྐྱོབ་རུ་ཁག་4གནོད་འཚེ་ཐེབས་ཁུལ་ལ་རོགས་སྐྱོབ་བྱེད་པར་བཏང་ཡོད་ཅེས་བཤད།


  • 顶 0