ཡོ་རོབ་མནའ་འབྲེལ་གྱིས་ད་ལོ་དང་སང་ལོའི་དཔལ་འབྱོར་སྔོན་དཔག་ཇེ་དམའ་རུ་བཏང་བ།

2020-07-08
0

(国际)(1)欧盟下调2020年经济预期

ཟླ7པའི་ཚེས7ཉིན་དཔལ་འབྱོར་ལས་དོན་གྱི་འགན་འཁུར་མཁན་ཡོ་རོབ་ཨུ་ལྷན་གྱི་ཨུ་ཡོན་པའོ་ལའོ·ཀྲེན་ཏི་ལའོ་ཉི་པེར་ཀྲེམ་རྒྱལ་ཁབ་ཀྱི་པུ་རུ་སེར་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་པུའུ་རུ་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་སྔོན་དཔག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས7ཉིན་དབྱར་ཁའི་དཔལ་འབྱོར་སྔོན་དཔག་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། པྲོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གོམ་སྟབས་དེ་སྔའི་འཆར་གཞི་ལས་ཇེ་དལ་དུ་སོང་བའི་དབང་གིས་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་སྒོར་ཁུལ་གྱི་ད་ལོའི་དཔལ་འབྱོར་ཉམས་ཞན་དུ་འགྲོ་ཚད་དེ་སྔོན་གྱི་སྔོན་དཔག་ལས་ཚབས་ཆེ་བ་མ་ཟད། སང་ལོར་སླར་གསོ་འབྱུང་བར་དེ་ལས་ཀྱང་དལ་བ་རེད།

སྙན་ཞུའི་ནང་སྔོན་དཔག་བྱས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་སྒོར་ཁུལ་གྱི་དཔལ་འབྱོར་དེ2020ལོར8.3%དང8.7%ཇེ་ཉུང་དུ་འགྲོ་རྒྱུ་དང་། 2021ལོར5.8%དང6.1%འཕར་རྒྱུ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ5པར་སྔོན་དཔག་བྱས་པ་ལྟར་ན། ད་ལོར་ཡོ་རོབ་གླིང་མནའ་འབྲེལ་དང་ཡོ་སྒོར་ཁུལ་གྱི་དཔལ་འབྱོར་སོ་སོར7.4%དང7.7%མར་ཆག་རྒྱུ་དང་སང་ལོར6%དང6.3%འཕར་རྒྱུ་རེད།

སྙན་ཞུའི་ནང་བསྟན་དོན། རྒྱལ་ཁབ་ཁག་གིས་ཟླ3པའི་ཟླ་དཀྱིལ་ནས་བཟུང་གཅིག་རྗེས་གཉིས་མཐུད་ངང་རིམས་འགོག་བྱ་ཐབས་ནན་མོ་སྤྱད་པ་དང་བསྟུན་ནས་ད་ལོའི་དུས་ཚིགས་གཉིས་པར་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་ཕོག་ཡོད། འོན་ཀྱང་ཟླ5པ་དང6པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཆེས་ཐབས་སྡུག་གི་དུས་རིམ་འདས་ཟིན་པས་ལོ་སྨད་ནས་བཟུང་དཔལ་འབྱོར་སླར་གསོ་འབྱུང་སྲིད་པ་རེད།

སྙན་ཞུའི་ནང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ལ་ཁྱོན་ཡོངས་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཡོད་ནའང་། རྒྱལ་ཁབ་ཁག་གིས་དཔལ་འབྱོར་གྱི་ཉམས་ཉེས་འགོག་པའི་ནུས་པ་དང་སླར་གསོའི་མྱུར་ཚད་ཐད་ཁྱད་པར་མངོན་གསལ་དོད་པོ་ཡོད་པར་བསྟན།

  • 顶 0