གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ནད་དཔེ་ཁྲི་སྟོང་ལས་བརྒལ་བ།

2020-07-02
0

༄༅།།གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ནད་དཔེ་ཁྲི་སྟོང་ལས་བརྒལ་བ།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས། ཡོ་རོབ་དབུས་རྒྱུད་ཀྱི་་དུས་ཚོད་ཟླ་6ཚེས་29ཉིན་གྱི་སྔ་དྲོར། གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ནད་དཔེ་རིམ་རྩིས་བྱས་ན་ཁྲི་1000ལས་བརྒལ་བ་དང་། དུས་མཚམས་གཅིག་རིང་། ཏོག་གསར་གློ་ཚད་རིམས་ནད་རིམ་བཞིན་ཞི་འཇམ་དུ་འགྲོ་བའི་རྒྱལ་ཁབ་ཀྱིས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཅིག་ལྷོད་དུ་བཏང་ནས། རིམ་བཞིན་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སླར་གསོ་བྱས་ཡོད་པ་རེད། “བཀག་སྡོམ་གློད་པ་”དེ་“སྔོན་འགོག་གློད་པ་”མིན། གོ་ལ་ཧྲིལ་པོའི་རིགས་གཅིག་མཁས་ཅན་གྱིས།  གཟབ་ནན་གྱིས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཧ་ཅང་གལ་ཆེ་བས་སྲིད་གཞུང་དང་། ཁེ་ལས། དམངས་ཚོགས་བཅས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ཏེ་བག་གཡེང་གི་བསམ་པ་ཁྱད་བསད་བྱས་ནས།  ཛ་དྲག་གི་སྔོན་ཇུས་གྲ་སྒྲིག་ཡག་པོ་བྱས་ཏེ་ཐོན་སྲིད་པའི་རིམས་ནད་བསྐྱར་ལོག་གི་གནད་དོན་ལ་ཁ་གཏད་ནུས་ལྡན་གཅོག་དགོས་པའི་ངོས་འཛིན་རྒྱ་ཁྱབ་ངང་བྱས་ཡོད།

༄༅།།གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་ནད་དཔེ་ཁྲི་སྟོང་ལས་བརྒལ་བ།

  • 顶 0