ཐུར་ཁེ་ཡིས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པས་དཔུང་འཇུག་བྱས།

2020-06-19
0

20200618092923QrB.jpg

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། ཐུར་ཁེའི་ཨན་ཁཱ་ལཱ་ནས། ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་སྐམ་དམག་གི་བཀོད་འདོམ་ལྟེ་གནས་ནས་གྲོས་ཚོགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་ཐོལ་རྒོལ་དམག་དཔུང་གིས་དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་དམིགས་ནས་སྟག་སྡེར་འགུལ་སྐྱོད་ཅེས་པའི་དམག་དོན་བྱ་འགུལ་སྤེལ་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐུར་ཁེའི་ཐོལ་རྒོལ་དམག་དཔུང་དབྱི་རག་བྱང་ཕྱོགས་ཀྱི་ཧཱ་ཧྥུའུ་ཐཱ་ཉིན་ས་ཁུལ་དུ་བསླེབ་ཡོད། འགུལ་སྐྱོད་དེའི་དམིགས་ཡུལ་ནི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པའི་སྟོབས་ཤུགས་འཚར་གཅོད་བྱེད་པ་དང་། དྲག་ཆས་རྩ་འཛུགས་དེས་ཐུར་ཁེའི་ཉེན་རྟོག་པ་དང་དམག་དོན་རྟེན་གཞིར་འཇབ་རྒོལ་བྱེད་པར་སྔོན་འགོག་བྱེད་ཆེད་ཡིན་ཟེར། གསལ་སྒྲོག་ལས་ཐེངས་འདིའི་འགུལ་སྐྱོད་ལས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་བཟོས་པའི་ཤི་རྨས་གནས་ཚུལ་གསལ་བོར་བསྒྲགས་མེད།

ཐུར་ཁེའི་རྒྱལ་སྲུང་བློན་ཆེན་ཨ་ཁཱ་ཨར་གྱིས་ཉིན་དེར་ཐེངས་འདིའི་འགུལ་སྐྱོད་ཀྱི་ཐོག་མའི་བརྙན་རིས་ཡོངས་བསྒྲགས་བྱས། བདེ་འཇགས་མི་སྣས་བཤད་པ་ལྟར་ན། ཐུར་ཁེའི་དམག་དཔུང་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པའི་དམིགས་འབེན་བརྒྱ་དང་ལྔ་བཅུར་དཔུང་འཇག་བྱས་ཡོད་ཟེར།

ཐུར་ཁེ་ཡིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་དབྱི་རག་བྱང་ཕྱོགས་ས་ཁུལ་གྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་གླག་སྡེར་འགུལ་སྐྱོད་ཅེས་པའི་བར་སྣང་འཇབ་རྒོལ་བྱས། ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། འགུལ་སྐྱོད་དེ་ལས་དབྱི་རག་བྱང་ཕྱོགས་ཀྱི་ཞིན་ཅཱ་ཨར་དང་ཀན་ཏིས་ལེ། ཀྲ་ཕུའུ་སོགས་ས་ཁུལ་གྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་ཆམ་ཕབ་དྲག་པོ་བཏང་ཡོད་པ་དང་། ཉུང་མཐར་ཡང་དམིགས་འབེན་གྱ་གཅིག་ལ་གཏོར་བཤིག་བཏང་ཡོད་ཟེར། 

  • 顶 0