ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་འགྲན་རྩོད་མཁན་ཨ་པུའུ་ཏུའུ་ལཱ་གཉིས་ཀྱིས་དབང་ཆའི་བགོ་བཤའི་གྲོས་མཐུན་བཀོད།

2020-05-22
0

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་འགྲན་རྩོད་མཁན། སྔོན་ཆད་ཀྱི་སྲིད་གཞུང་གི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་གཉིས་ཀྱིས་ཙུང་ཐུང་བཞུགས་ཤག་ནས་དབང་ཆའི་བགོ་བཤའི་གྲོས་མཐུན་བཀོད། 

ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་འགྲན་རྩོད་མཁན། སྔོན་ཆད་ཀྱི་སྲིད་གཞུང་གི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་གཉིས་ཀྱིས་ཙུང་ཐུང་བཞུགས་ཤག་ནས་དབང་ཆའི་བགོ་བཤའི་གྲོས་མཐུན་འགོད་པའི་ཡུལ་དངོས། 

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཞི་ཏིས་ཅི་ཡིས་ཚེས་བཅུ་བདུན་ཉིན་བདེན་དཔང་བྱས་དོན། ཙུང་ཐུང་ཅཱ་ནེ་དང་འགྲན་རྩོད་མཁན། སྔོན་ཆད་ཀྱི་སྲིད་གཞུང་གི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་གཉིས་ཀྱིས་ཉིན་དེར་དབང་ཆའི་བགོ་བཤའི་གྲོས་མཐུན་བཀོད་དེ། རྒྱལ་ཁབ་དེའི་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱས་པའི་ཚུན་བྱུང་བའི་ཆབ་སྲིད་ཉམས་ཉེན་མཇུག་སྒྲིལ་བར་བྱས་ཟེར། 

ཞི་ཏིས་ཅི་ཡིས་བཤད་རྒྱུར། ཆབ་སྲིད་གྲོས་མཐུན་དེ་ལྟར་ན། ཨ་པུའུ་ཏུའུ་ལཱ་ཡིས་མི་རིགས་འགྲིག་མཐུན་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་པ་དང་། ཨ་པུའུ་ཏུའུ་ལཱའི་ཚོགས་ཁག་གི་ཁོངས་མི་ནེ་ཀིའི་ནང་ཞུགས་རྒྱུ་རེད་ཟེར། 

དེའི་སྔོན་བསྒྲགས་པའི་གྲོས་མཐུན་འཆར་ཟིན་ལྟར་ན། མི་རིགས་འགྲིག་མཐུན་མཐོ་རིམ་ཨུ་ཡོན་ལྷན་ཁང་གིས་ཨ་ཧྥུའུ་ཧན་སྲིད་གཞུང་དང་ཐཱ་ལེ་པན་གྱི་གྲོས་མོལ་ལ་མཛུབ་བྱེད་རྒྱུ་ཡིན་པ་དང་། མི་རིགས་འགྲིག་མཐུན་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིན་པའི་ཆ་ནས། ཨ་པུའུ་ཏུའུ་ལཱའི་གུས་སྲོལ་དང་བདེ་སྲུང་གི་ཚད་གཞི་ཨ་ཧྥུའུ་ཧན་གྱི་མགོ་ཁྲིད་པ་གཉིས་པ་དང་གཅིག་འདྲ་ཡིན། དེ་ལས་གཞན་ཨ་ཧྥུའུ་ཧན་སྲིད་གཞུང་གི་བརྒྱ་ཆའི་ལྔ་བཅུའི་པུའུ་ཀྲང་ལས་འགན་དེ་ཨ་པུའུ་ཏུའུ་ལཱའི་ཚོགས་ཁག་གི་ཁོངས་མིས་འགན་དུ་ལེན་དགོས་པ་དང་། དེའི་ནང་ནང་སྲིད་པུའུ་དང་ཁྲིམས་འཛིན་པུའུ། དཔལ་འབྱོར་པུའུ། བཟོ་ཚོང་པུའུ། མཐོ་རིམ་སློབ་གསོའི་པུའུ་བཅས་འདུས།  

གྲོས་མཐུན་བཀོད་རྗེས་ཅཱ་ནེ་ཡིས་ཨ་ཧྥུའུ་ཧན་རྒྱལ་ཁབ་བརྙན་འཕྲིན་ཁང་ནས་གཏམ་བཤད་སྤེལ་ཏེ། གྲོས་མཐུན་དེ་བཀོད་པར་དགའ་བསུ་ཞུས་པ་དང་། གྲོས་མཐུན་དེ་ལས་ཨ་ཧྥུའུ་ཧན་གྱི་མི་ལ་ཕྱི་རྒྱལ་གྱི་བར་འདུམ་མེད་པའི་གནས་ཚུལ་འོག་ནང་ཁུལ་གྱི་འགལ་བ་ཐག་གཅོད་བྱེད་པའི་ནུས་པ་ལྡན་པ་བདེན་དཔང་བྱས་ཡོད་ཟེར། 

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་སྤེལ། ད་ལོའི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་ཉིན། ཨ་ཧྥུའུ་ཧན་རང་བཙན་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་པའི་འདེམ་བསྐོའི་མཇུག་འབྲས་ལས་མངོན་པ་ལྟར་ན། ཅཱ་ནེ་ལ་བརྒྱ་ཆའི་ལྔ་བཅུ་དང་གྲངས་ཆུང་དྲུག་བཞིའི་འདེམ་ཤོག་ཐོབ་ནས་འགྲན་ཡ་གཙོ་བོ་ཨ་པུའུ་ཏུའུ་ལཱ་ལས་རྣམ་པར་རྒྱལ་ནས་ཙུང་ཐུང་དུ་བདམས་ཐོན་བྱུང་ཡོད། ཡིན་ཡང་ཨ་པུའུ་ཏུའུ་ལཱ་ཡིས་རང་ཉིད་ཕམ་པར་ཁས་ལེན་མ་བྱས་པ་དང་། ཅཱ་ནེའི་ཚོགས་ཁག་གིས་འདེམ་བསྐོའི་ཁྲོད་ལུགས་འགལ་གྱི་བྱ་སྤྱོད་སྤེལ་བར་སྐྱོན་འཛུགས་བྱས་པར་མ་ཟད། རང་ཉིད་ཙུང་ཐུང་དུ་བདམས་པ་ཁྱབ་སྒྲོག་བྱས། ཕྱོགས་གཉིས་ཀྱིས་རང་རང་ས་ནས་ཨུ་ཚུགས་མཐར་བསྐྱེད་བྱས་པས་ཨ་ཧྥུའུ་ཧན་གྱི་ཆབ་སྲིད་ཛ་དྲག་གི་གནས་སུ་ལྷུང་བར་བྱས། 


  • 顶 0