ཀྲུང་གོ་སྲིད་གཞུང་གིས་ཨེ་ཅིབ་ལ་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་ཁག་གསུམ་ པ་རྩིས་སྤྲོད་རྩིས་ལེན་བྱས་པ།

2020-05-19
0

 ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་ཀྲུང་གོ་སྲིད་གཞུང་གིས་ཨེ་ཅིབ་ལ་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་ཁག་གསུམ་པ་ཁེ་རོའི་རྒྱལ་སྤྱིའི་གནམ་ཐང་དུ་རྩིས་སྤྲོད་རྩིས་ལེན་ལེགས་སྒྲུབ་བྱས་པ་རེད། ད་ཐེངས་ཀྱི་རིམས་འགོག་དངོས་ཟོག་ནང་N95ཁ་རས་དང་། སྨན་སྤྱོད་ཁ་རས། སྨན་སྤྱོད་འགོག་སྲུང་གྱོན་ཆས། བརྟག་དཔྱད་ཚོད་ལྟའི་སྨན་རྫས། སྤྱོད་གཅིག་མའི་ལག་ཤུབས། ཚ་བ་ལྟ་ཆས་བཅས་ཚུད་ཡོད།
     རྩིས་སྤྲོད་རྩིས་ལེན་མཛད་སྒོའི་ཐོག་ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལེའོ་ལི་ཆང་གིས། ཁག་ཐེངས་དེའི་རིམས་འགོག་དངོས་ཟོག་ཏུན་35ལྷག་ཙམ་ཟིན་ཡོད། ཀྲུང་གོས་རིམས་འགོག་བྱེད་པའི་འགག་རྩའི་དུས་སུ་ཨེ་ཅིབ་སྲིད་གཞུང་གིས་དེ་སྔ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཁར་དངོས་ཟོག་རོགས་སྐྱོར་ཡང་བྱས་བྱུང་། ཨེ་ཅིབ་ཏུ་རིམས་ནད་ཐོན་རྗེས་ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཨེ་ཅིབ་ལ་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་དངོས་ཟོག་རོགས་སྐྱོར་བྱས་པ་ཕུད། ཀྲུང་གོའི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཁག་གཅིག་གི་སྲིད་གཞུང་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་བཅས་ཀྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཨེ་ཅིབ་ལ་རོགས་སྐྱོར་བྱས་པ་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་འཕྲོད་བསྟེན་རིགས་གཅིག་མཁས་ཅན་དབར་བརྙན་ལམ་སྤེལ་རེས་ཚོགས་འདུ་ཐེངས་མང་འཚོགས་པ། ཀྲུང་གོ་དང་ཨེ་ཅིབ་ཀྱིས་མཉམ་ལས་བྱས་པའི་ཁ་རས་ཐོན་སྐྱེད་ལས་རིམ་ཡང་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད་ཅེས་བརྗོད་པ་རེད།
    ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ལས་རོགས་མུའུ་ཧན་མོ་ཏེ·ཧྲུའེ་ཅི་ཡིས་ས་ཆ་དངོས་སུ་དངོས་ཟོག་རྩིས་ལེན་བྱས་ཤིང་། ཁོང་གིས་ཀྲུང་ཨེ་རྒྱལ་ཁབ་གཉིས་པོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་གྱི་ཉམས་ཉེན་འོག་རྒྱལ་ཁབ་ཕན་ཚུན་ཇི་ལྟར་བྱས་ནས་ལྟ་རེས་སྐྱོང་རེས་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་དགོས་པ་མཚོན་པར་བྱས་ཡོད། ཀྲུང་གོ་སྲིད་གཞུང་གིས་ད་ཐེངས་རོགས་སྐྱོར་བྱས་པའི་དངོས་ཟོག་གི་འབོར་ཚད་ཧ་ཅང་མང་པོ་ཡོད་པས་ཨེ་ཅིབ་ལ་ཚེ་སྲོག་དེ་བས་མང་པོ་སྐྱོབ་རོགས་དང་། རིམས་ནད་ཁྱབ་མཆེད་འགྲོ་ཚུལ་སྔར་བས་ཚོད་འཛིན་བྱེད་ཐུབ་རྒྱུ་རེད་ཅེས་བརྗོད་པ་རེད། 

  • 顶 0