ཀྲུང་གོས་སླར་ཡང་ཧྥི་ལི་ཕིན་ལ་རིམས་འགོག་དངོས་ཟོག་ཁག་གཅིག་མཁོ་འདོན་བྱས་པ།

2020-05-13
0

 ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ནི་ལ་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་ཀྲུང་གོ་སྲིད་གཞུང་གིས་ཧྥི་ལི་ཕིན་ལ་མཁོ་འདོན་བྱས་པའི་ཛ་དྲག་གི་རིམས་འགོག་རོགས་སྐྱོར་དངོས་ཟོག་ཁག་གཅིག་ཧྥི་ལི་ཕིན་གྱི་རྒྱལ་ས་མ་ནི་ལར་འབྱོར་བ་རེད།
    དེ་ཉིན་གྱི་དངོས་ཟོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོར་ཞུགས་མཁན་ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོང་ཤིས་ལེན་གྱིས། ཧྥི་ལི་ཕིན་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དགོས་མཁོ་གཞིར་བཟུང་། ཀྲུང་གོ་སྲིད་གཞུང་གིས་ཧྥི་ལི་ཕིན་སྲིད་གཞུང་ལ་ཛ་དྲག་གི་རིམས་འགོག་རོགས་སྐྱོར་དངོས་ཟོག་ཁག་གཅིག་ཁག་ཐེངས་དབྱེ་ནས་མཁོ་འདོན་བྱས་པའི་ནང་དབུགས་འཕྲུལ་དང་། ཉིང་སྐྱུར་བརྟག་དཔྱད་སྨན་རྫས། འགོག་སྲུང་གྱོན་ཆས། ཁ་རས། མིག་སྲུང་མིག་ཤེལ་སོགས་ཚུད་ཡོད་ཅེས་བརྗོད་པ་རེད།
    ཟླ་3པར། ཀྲུང་གོ་སྲིད་གཞུང་གིས་ཧྥི་ལི་ཕིན་ཕྱོགས་ལ་ཉིང་སྐྱུར་བརྟག་དཔྱད་སྨན་རྫས་དང་འགོག་སྲུང་གྱོན་ཆས་ཚུད་པའི་སྨན་བཅོས་རོགས་སྐྱོར་དངོས་ཟོག་ཁག་གཅིག་མཁོ་འདོན་བྱས་ཡོད། ཟླ་4ཚེས་5ཉིན། ཀྲུང་གོ་སྲིད་གཞུང་གིས་མངགས་པའི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཧྥི་ལི་ཕིན་ལ་འབྱོར་བ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱིས་ཞལ་འདེབས་བརྒྱབ་པའི་འགོག་སྲུང་ཡོ་བྱད་དང་། སྨན་བཅོས་སྒྲིག་ཆས། ཀྲུང་ལུགས་སྨན་གྲུབ་མ་སོགས་དངོས་ཟོག་ཁྱེར་ཡོད་པ་རེད།

  • 顶 0