“ནང་ནས་ཐོན་མི་དགོས་པར་དྲ་ཐོག་ནས་ཀྲུང་གོར་ཡུལ་སྐོར་བྱེད་པའི”བྱེད་སྒོ་དབྱིན་ཇིར་ འགོ་ཚུགས་པ།

2020-05-13
0

  ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལོན་ཏོན་ནས་གློག་འཕྲིན་འབྱོར་གསལ། “ནང་ནས་ཐོན་མི་དགོས་པར་དྲ་ཐོག་ནས་ཀྲུང་གོར་ཡུལ་སྐོར་བྱེད། 2020ཀྲུང་གོའི་ཡུལ་སྐོར་རིག་གནས་གཟའ་འཁོར”བྱེད་སྒོ་ཉིན་ཤས་གོང་དབྱིན་ཇིར་སྤེལ་བ་རེད། ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་འདི་ལོའི་ཡུལ་སྐོར་རིག་གནས་གཟའ་འཁོར་གྱི་བྱེད་སྒོས་དྲ་རྒྱའི་ལས་སྟེགས་བརྒྱུད་ཀྲུང་གོའི་སྒྱུ་རྩལ་རྩེ་གྲ་རབ་དང་རིམ་པ་བཏོན་པས་དབྱིན་ཇིའི་དམངས་ཚོགས་ཀྱིས་ཁྱིམ་དུ་བསྡད་ནས་ཀྲུང་ཧྭའི་རིག་གནས་ཉམས་སུ་མྱོང་ཐུབ་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་ལྔ་པའི་གཟའ་འཁོར་དང་པོར། བྱེད་སྒོ་དེའི་ཀྲུང་དབྱིན་སྐད་གཉིས་ཀྱི་ནང་དོན་ཁག་དང་པོ་ལོན་ཏོན་དུ་བཅའ་སྡོད་ཀྲུང་གོའི་ཡུལ་སྐོར་གཞུང་དོན་ཁང་གི་གཞུང་ཕྱོགས་སྐད་འཕྲིན་སྤྱི་རྟགས་དང་། ངོ་དེབ། ཡིའུ་ཐུ། ཐུའེ་ཐེ་སོགས་ཀྱི་བརྙན་ལམ་དུ་བསྟན་པ་དང་། ཀྲུང་གོའི་རིག་རྩལ་ཚོགས་པའི་རིམས་འགོག་དང་། ཀྲུང་ཕྱི་མཉམ་ལས། ཅིང་ཅུས་ཟློས་གར་བཅས་རིགས་ཆེ་གྲས་གསུམ་གྱི་ནང་དོན་ཚུད་ཡོད།
    ལོན་ཏོན་དུ་བཅའ་སྡོད་ཀྲུང་གོའི་ཡུལ་སྐོར་གཞུང་དོན་ཁང་གིས་ད་རེས་ཀྱི་ཡུལ་སྐོར་རིག་གནས་གཟའ་འཁོར་བྱེད་སྒོ་ཟླ་དྲུག་པའི་ཟླ་མཇུག་བར་གཉེར་མཁན་རེད་ཅེས་ངོ་སྤྲོད་བྱས་ཡོད།

  • 顶 0