ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམས་འགོག་དངོས་ ཟོག་དབོར་མཁན་ཆེད་སྤྱོད་མེ་འཁོར་ཝུའུ་ཧན་ནས་ཐོན་པ།

2020-05-13
0

འདི་ག་ཚགས་པར་ཁང་དུ་ཝུའུ་ཧན་ནས་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམས་འགོག་དངོས་ཟོག་སྨི་རྒྱ་དཔངས་གྲུ་བཞི་3500དང་ཏུན་294.42བླུགས་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཀྲུང་གོ་ལྕགས་ལམ་ཝུའུ་ཧན་ཅུས་ཚོགས་པ་ཀུང་སི་ཝུའུ་ཅ་ཧྲན་བབས་ཚུགས་ནས་ཐོན་ཏེ་སར་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པེལ་ཀེ་རེ་ཏེའི་ཕྱོགས་སུ་བསྐྱོད་དེ་སར་པི་ཡ་དང་དེ་བཞིན་མཐའ་སྐོར་རྒྱལ་ཁབ་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རོགས་རམ་བྱེད་མཁན་རེད། “འཛམ་གླིང་གིས་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པ”ནས“ཝུའུ་ཧན་གྱིས་འཛམ་གླིང་ལ་དྲིན་ལན་འཇལ་བའི”བར་རྒྱལ་ནང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་རྒྱུན་མཐུད་ལེགས་སུ་འགྲོ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་གང་མགྱོགས་སླར་གསོ་ཐུབ་པ་དང་བསྟུན་ནས་ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ལེགས་སྐྱེས་འབུལ་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3པ་ནས་4པ་བར་ལྕགས་ལམ་སྡེ་ཚན་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་བརྒྱུད་རིམ་རྩིས་ལྟར་ན་ཡོ་རོབ་ལ་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམས་འགོག་དངོས་ཟོག་ཁྲི་66དང་ཏུན་3142དབོར་ཡོད་པ་རེད། ད་རེས་ཝུའུ་ཅ་ཧྲན་བབས་ཚུགས་ནས་ཐོན་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་ཆེད་གཏོང་མེ་འཁོར་ལ་ཁྱོན་དོས་སྒམ་50ཡོད་པའི་ནང་ཁ་རས་དང་། འགོག་སྲུང་གྱོན་ཆས། མིག་སྲུང་མིག་ཤེལ། སྨན་བཅོས་ཡོ་བྱད་སོགས་རིམས་འགོག་དངོས་ཟོག་བྱུར་བུར་བླུགས་ཡོད་པ་རེད། ཆེད་གཏོང་མེ་འཁོར་ཨ་ལ་ཧྲན་རི་ཁ་ནས་རྒྱལ་མཚམས་སྒྲོལ་བ་དང་སྔོན་རྩིས་ལྟར་ན་ཉིན་18ཀྱི་རྗེས་པེལ་ཀེ་རེ་ཏེར་འབྱོར་མཁན་རེད།
     ཆེད་གཏོང་མེ་འཁོར་བདེ་འཇགས་ངང་དུས་ཚོད་ཏག་ཏག་ལ་འབྱོར་ཆེད། ལྕགས་ལམ་སྡེ་ཚན་གྱིས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་འགག་སྒོ་སོགས་སྡེ་ཚན་དང་འབྲེལ་ཡོད་ཁེ་ལས་ལ་གཞོགས་འདེགས་དམ་ཟབ་བྱས་ནས་ལྗང་མདོག་བགྲོད་ལམ་བཏོད་དེ་ཟོག་ཁུངས་དང་། སྒམ་ཁུངས། འཁོར་ཁུངས། དེ་བཞིན་ངལ་ནུས་བཅས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ལས་སྒྲུབ་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་། ལས་ཕྱོད་ཆེ་རུ་གཏོང་བ། “གཅིག་འཐུས་རྣམ་པའི”གཏན་འཁེལ་སྒྲིག་སྲོལ་གྱི་ཞབས་འདེགས་ཞུ་བ་དང་ཆབས་ཅིག་བརྒྱུད་རིམ་ཧྲིལ་པོའི་སྐྱེལ་འདྲེན་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་འགག་སྒོའི་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་བདེ་བླག་ཡོང་བ་དང་ལམ་རྒྱུད་རྒྱལ་ཁབ་ཁག་གི་ལྕགས་ལམ་མཐུན་སྦྱོར་མཉམ་འགུལ་དམ་ཟབ་བྱས་ཏེ་རིམས་འགོག་དངོས་ཟོག་དམིགས་སར་གང་མགྱོགས་གཏོང་ཐུབ་པ་བྱེད་རྒྱུ་རེད།

  • 顶 0