ཨ་རིར་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ས་ཡ་གཅིག་ལས་བརྒལ་བ།

2020-05-06
0


མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན། ཨ་རིའི་ཇོང་སེན་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་སྤེལ་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་ཀྱི་གཞི་གྲངས་ལས་མངོན་གསལ། ཨ་རིར་རིམ་རྩིས་བྱེད་ན་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་100བརྒལ་ཡོད།
    ཨ་རི་ཤར་ཕྱོགས་ཀྱི་དུས་ཚོད་ཚེས་28ཉིན་གྱི་ཆུ་ཚོད་14དང་སྐར་མ་50ཐོག(པེ་ཅིང་དུས་ཚོད་ཚེས་29ཉིན་གྱི་ཆུ་ཚོད་2དང་སྐར་མ་50ཐོག)ཞིབ་བཤེར་བྱས་པའི་གཞི་གྲངས་ལྟར་ན། ཨ་རིར་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་1002498ལ་འཕར་ཡོད་ཅིང་། ཚེ་འདས་ནད་དཔེ་57533ལ་འཕར་ཡོད། གཏན་འཁེལ་བྱུང་བའི་ནད་དཔེ་དང་ཚེ་འདས་ནད་དཔེའི་གྲངས་ཀ་ཚང་མ་གོ་ལ་ཡོངས་ལས་ཆེས་མང་བ་དེར་ཆགས་འདུག

  • 顶 0