རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འཕྲོད་བསྟེན་པུའུ་ཡི་འགོ་འཛིན་གྱིས་གྲངས་གཞི་ཅན་གྱི་ཐག་གཅོད་ཇུས་གཞི་ནི་རིམས་ནད་འགོག་རྒོལ་བྱེད་པར་ཧ་ཅང་གལ་ཆེ་བར་བརྗོད།

2020-04-21
0

༄༅།།རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འཕྲོད་བསྟེན་པུའུ་ཡི་འགོ་འཛིན་གྱིས་གྲངས་གཞི་ཅན་གྱི་ཐག་གཅོད་ཇུས་གཞི་ནི་
རིམས་ནད་འགོག་རྒོལ་བྱེད་པར་ཧ་ཅང་གལ་ཆེ་བར་བརྗོད།

 ཟླ་4ཚེས་19ཉིན། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འཕྲོད་བསྟེན་པུའུ་ཡི་འགོ་འཛིན་གྱིས་བསྟན་དོན། རྒྱལ་ཁབ་ཁག་གིས་རིམས་ནད་དོགས་ཟོན་ནུས་པ་ཇེ་མཐོར་གཏོང་བ་དང་། མིག་སྔར་དང་མ་འོངས་པའི་རིམས་ནད་ཁྲོད་གྲངས་གཞི་ཅན་གྱི་ཐག་གཅོད་ཇུས་གཞི་བེད་སྤྱོད་བྱེད་པའི་གལ་ཆེན་རང་བཞིན་ནན་གྱིས་བསྟན་པ་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འཕྲོད་བསྟེན་པུའུ་ཡི་འགོ་འཛིན་གྱི་བརྙན་འཕྲིན་ཚོགས་འདུ་ཚོགས་པའི་ཉིན་དེར། ཀྲུའུ་ཞི་རེས་འཁོར་རྒྱལ་ཁབ་སྟེ་སོ་ཏི་ཨ་རབ་ཀྱི་གཙོ་སྐྱོང་འོག ཚོགས་ཞུགས་དཔོན་རིགས་ཚོས་རང་སོ་སོའི་རྒྱལ་ཁབ་ཀྱི་རིམས་འགོག་ཉམས་མྱོང་དང་དེ་བཞིན་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་ལག་བསྟར་གང་བྱེད་པ་མཉམ་རོལ་བྱས་ཡོད། འདི་ནི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་གི་བརྙན་འཕྲིན་ཚོགས་འདུ་ཚོགས་བཞིན་པ།

༄༅།།རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འཕྲོད་བསྟེན་པུའུ་ཡི་འགོ་འཛིན་གྱིས་གྲངས་གཞི་ཅན་གྱི་ཐག་གཅོད་ཇུས་གཞི་ནི་
རིམས་ནད་འགོག་རྒོལ་བྱེད་པར་ཧ་ཅང་གལ་ཆེ་བར་བརྗོད།

  • 顶 0