ཀྲུང་གོའི་རོགས་སྐྱོར་དངོས་ཟོག་ཁག་གཅིག་ཨེ་ཙེ་ཨོ་ཕི་ཡར་འབྱོར་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ༥༤ཡི་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱས།

2020-03-23
0

དུས་ཡུན་ཆུ་ཚོད་བཅུའི་རིང་འཕུར་སྐྱོད་བྱས་ནས་ཀྲུང་གོའི་རིམས་ནད་འགོག་པའི་དངོས་ཟོག་ཨེ་ཙེའི་མཁའ་འགྲུལ་ལ་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་ཡི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར། དེ་ནི་མཱ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ཨ་ལི་པ་པ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁར་ཞལ་འདེབས་བརྒྱབ་པའི་སྨན་བཅོས་དངོས་ཟོག་ཁག་གཅིག་ཡིན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་༥༤ཡིས་རིམས་ནད་འགོག་བཅོས་ཐད་རོགས་སྐྱོར་སྤྱོད་ཡོད།

  • 顶 0