ཕོར་ཐིའུ་ཀལ་གྱིས་བྱ་ཐབས་སྣ་མང་སྤྱད་དེ་རིམས་ནད་གང་སར་མཆེད་རྒྱུ་བཀག་འགོག་བྱས།

2020-03-19
0

ཟླ་3ཚེས་17ཉིན། ཕོར་ཐིའུ་ཀལ་གྱི་རྒྱལ་ས་ལི་སི་པོན་གྱི་ས་འོག་ལྕགས་ལམ་སྟོང་བར་གྱུར། གློ་ཚད་ཀྱི་རིམས་ནད་གསར་པ་གང་སར་མཆེད་རྒྱུ་བཀག་འགོག་བྱ་ཆེད། ཕོར་ཐིའུ་ཀལ་གྱིས་ཟླ་3ཚེས་16ཉིན་ནས་ཟླ་4ཚེས་9ཉིན་བར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མ་སྒོ་བརྒྱབ་ནས་ཟ་ཁང་དང་ཆང་ཁང་། སྒོ་རྩིས་ཚོང་ཁང་། ཟོག་ཉོ་ལྟེ་གནས་བཅས་ཀྱི་འཛད་སྤྱོད་མི་ཚོགས་ཀྱི་གྲངས་འབོར་ལ་ཚོད་འཛིན་བྱས་པ་མ་ཟད། རྒྱལ་དམངས་ཀྱིས་སྨན་བཅོས་སྒྲིག་གཞིའི་གྲོས་འགོར་བརྩི་སྲུང་ཞུས་ཏེ་ཡུལ་སྐོར་དང་སྤྱི་ཚོགས་ཀྱི་འབྲེལ་བ་ཉུང་དུ་གཏོང་རྒྱུའི་འབོད་སྐུལ་ཡང་བྱས།

  • 顶 0