འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཆེད་མཁས་པས་རྒྱལ་ཁབ་སོ་སོས་རྨང་གཞིའི་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།

2020-03-06
0

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་འཕྲོད་བསྟེན་བྲེལ་མྱུར་ལས་གཞིའི་ལག་རྩལ་འགན་ཁུར་བ་ཧྥན་ཁའེ་ཨར་ཁི་ལོས་ཧྥོ་ཡིས་ཚེས་ལྔ་ཉིན་བསྟན་དོན། ཀྲུང་གོའི་ཉམས་མྱོང་ལས་མངོན་པ་ལྟར་ན། ནད་པ་ངོས་འཛིན་པ་དང་འབྲེལ་འདྲིས་མཁན་ལ་རྗེས་འདེད་ལྟ་ཞིབ་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་པ་སོགས་རྨང་གཞིའི་རང་བཞིན་གྱི་བྱེད་ཐབས་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་ལ་འགོག་བཅོས་ཚོད་འཛིན་བྱེད་ཐུབ་པས། རྒྱལ་ཁབ་སོ་སོས་རིགས་དེ་མཚུངས་ཀྱི་བྱེད་ཐབས་ལག་བསྟར་བྱེད་དགོས་ཟེར།

ཀྲུང་གོར་ཡོང་ནས་རིམས་ནད་གནས་ཚུལ་ལ་རྟོག་ཞིབ་བྱས་མྱོང་བའི་ཧྥན་ཁའེ་ཨར་ཁི་ཧའོ་ཧྥོ་ཡིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁོ་མོས་ཀྲུང་གོར་རྟོག་ཞིབ་བྱེད་སྐབས་མི་ཚང་མས་རང་ཉིད་ཀྱི་འགན་འཁྲི་ཤེས་ཡོད་པ་དང་། ཇི་ལྟར་རང་ཉིད་དང་ཁྱིམ་མིར་སྲུང་སྐྱོབ་བྱེད་ཚུལ་ཤེས་ཡོད་ལ། ཐུན་མོང་གི་འགུལ་སྐྱོད་གང་འདྲ་སྤེལ་ན་རིམས་ནད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་ཐུབ་པ་ཤེས་ཡོད། དེ་ལ་ཁོ་མོ་ཡིད་འགུལ་ཟབ་མོ་ཐེབས་ཡོད་ཟེར།

ཧྥན་ཁའེ་ཨར་ཁི་ཧའོ་ཧྥོ་ཡིས་བཤད་རྒྱུར། ཀྲུང་གོ་མ་གཏོགས་པའི་སིང་ག་ཕོར་སོགས་རྒྱལ་ཁབ་རེ་འགས་ཀྱང་རིགས་མཐུན་གྱི་རྨང་གཞིའི་རང་བཞིན་གྱི་བྱེད་ཐབས་སྤྱད་ཡོད་ཟེར། ཁོས་མོས་རྒྱལ་ཁབ་ཚང་མས་དེ་ལྟར་བྱེད་ཐབས་ནུས་ལྡན་སྤྱོད་དགོས་པ་ནན་བཤད་བྱས།

  • 顶 0