ཡོ་ཧན་ཞོན་གྱིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར།

2019-07-26
0

ཟླ་བདུན་པའི་ཚེས་ཉེར་བཞིའི་ཉིན། དབྱིན་ཇིའི་ལོན་ཏོན་ནས། གསར་དུ་བདམས་ཐོན་བྱུང་བའི་དབྱིན་ཇིའི་པའོ་ལི་སི·ཡོ་ཧན་ཞོན་གྱིས་ཐང་ཉིན་སྲང་ལམ་གྱི་སྒོ་རྟགས་ཨང་བཅུ་བའི་དབུ་བཞུགས་བློན་ཆེན་བཞུགས་ཤག་སྒོ་ཁ་ནས་གཏམ་བཤད་སྤེལ།

དབྱིན་ཇིའི་སྲིད་འཛིན་ཏང་བག་འཁུམ་ཏང་གི་གཙོ་འཛིན་པའོ་ལི་སི·ཡོ་ཧན་ཞོན་གྱིས་ཚེས་ཉེར་བཞིའི་ཉིན་དངོས་སུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར་བ་རེད།

ཉིན་དེར་པེ་ཅིན་ཧན་ཕོ་བྲང་ནས། ཐི་ལོས་ཧྲ་མཱེ་ཡིས་རྒྱུན་སྲོལ་ལྟར་དུ་རྒྱལ་མོ་དབྱེ་ལོས་ཧྲ་པེ་སྐུ་ཕྲེང་གཉིས་པར་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་དེ་ཆོག་མཆན་ཐོབ་རྗེས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་ལས་འགན་བཞག དེའི་རྗེས་སུ་ཡོ་ཧན་ཞོན་གྱིས་རྒྱལ་མོས་བསྩལ་བའི་དབང་ཆ་དང་ལེན་བྱས་ཏེ་སྐབས་གསར་བའི་ནེ་ཀི་རྩ་འཛུགས་བྱས་ནས། དངོས་སུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་འགན་ཁུར།

ཡོ་ཧན་ཞོན་ཐང་ཉིན་སྲང་ལམ་གྱི་སྒོ་རྟགས་བཅུ་བར་བསླེབ་རྗེས་གཏམ་བཤད་སྤེལ་ཏེ། དབྱིན་ཇི་ཡིས་ངེས་པར་དུ་ད་ལོའི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་སྔོན་ལ་ཡོ་རོབ་གླིང་དང་འབྲལ་བའི་བྱ་བ་ཡོངས་འགྲུབ་བྱེད་དགོས་པ་ནན་བཤད་བྱས་པ་དང་། མང་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་དབྱིན་ཇི་ལ་བསྐྲུན་པའི་གོ་སྐབས་མཐོང་ཐུབ་ཟེར། ཁོས་བཤད་རྒྱུར། དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་བར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བ་འགོད་ཐུབ་པར་ཡིད་ཆེས་ཡོད་ཀྱང་། དབྱིན་ཇི་ཡིས་ཀྱང་གྲོས་མཐུན་མེད་པར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བར་གྲ་སྒྲིག་བྱེད་ངེས་ཡིན་ཟེར། ཡོ་ཧན་ཞོན་གྱིས་ད་རུང་བསྟན་དོན། སྲིད་གཞུང་གིས་རྒན་གསོ་དང་སྨན་བཅོས་སྲིད་ཇུས་སོགས་ལ་བཅོས་བསྒྱུར་བྱས་ཏེ། དབྱིན་ཇིའི་ས་ཁུལ་སོ་སོའི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཉིན་དེར་ཡོ་ཧན་ཞོན་གྱིས་སྔོན་ཆད་ཀྱི་ནང་སྲིད་བློན་ཆེན་སེ་དབྱེ་ཏི·ཅཱ་ཝེ་ཏི་ནོར་སྲིད་བློན་ཆེན་དུ་བསྐོ་འཇོག་བྱས་པ་དང་། སྔོན་ཆད་ཀྱི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ལས་དོན་གྱི་བློན་ཆེན་ཏའོ་མུས་ནེ་ཁི·ལཱ་པུའུ་ཕྱི་འབྲེལ་བློན་ཆེན་དུ་བསྐོ་འཇོག་བྱས། སྔོན་ཆད་ཀྱི་རྒྱལ་སྤྱིའི་གསར་སྤེལ་ལས་དོན་གྱི་བློན་ཆེན་ཕུའུ་ལོས་ཏིས·ཕཱ་ཐི་ཨར་ནང་སྲིད་བློན་ཆེན་དུ་བསྐོ་འཇོག་བྱས།

དབྱིན་ཇིའི་ངོ་རྒོལ་ཏང་བཟོ་བའི་ཏང་གི་གཙོ་འཛིན་ཁི་ཨར་པེན་གྱིས་ཚེས་ཉེར་བཞིའི་ཉིན་དབྱིན་ཇི་ཡིས་མྱུར་དུ་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་། ཁོས་ནན་གྱིས་བསྟན་དོན། ཡོ་ཧན་ཞོན་དབུ་བཞུགས་བློན་ཆེན་དུ་གྱུར་བར་དབྱིན་ཇིའི་མི་དམངས་ཡོངས་ཀྱི་ཁས་ལེན་ཐོབ་མེད་པར། བག་འཁུམ་ཏང་ནང་ནས་བདམས་ཐོན་བྱུང་བ་ཙམ་ཡིན་ཟེར།

  • 顶 0