༢༠༢༠ལོའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་གཟེངས་རྟགས་མངོན་པ།

2019-07-26
0

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་7ཚེས་24ཉིན་ནི2020ལོའི་ཏུན་ཅིན་ཨོ་རྩལ་འགྲན་ཚོགས་ལ་ལོ་གཅིག་ཏག་ཏག་ཡོད་པའི་ཉིན་རེད། ཏུུན་ཅིན་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་བྱ་དགའི་ཇུས་འགོད་ཡོངས་བསྒྲགས་བྱས་པ་རེད། འདི་ནི་ཟླ་7ཚེས་24ཉིན་ལྗར་པན་ཏུན་ཅིན་ནས་པར་བླངས་པའི་2020ལོའི་ཏུན་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་རེད།

ཟླ་7ཚེས་24ཉིན་2020ལོའི་ཏུན་ཅིན་ཨོ་རྩལ་འགྲན་ཚོགས་ལ་ལོ་གཅིག་མ་གཏོགས་མེད་པའི་རྟེན་འབྲེལ་མཛད་སྒོའི་ཐོག་ཏུན་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མ་ཇུས་འགོད་པ་ཁྲོན་ཤིས་ཁྲུན་ཧྲི་ཡིས་ཇུས་འགོད་ཀྱི་ནང་དོན་ངོ་སྤྲོད་བྱས་པ་རེད།

1564041106294139.jpg

1564041106418972.jpg

ཟླ་7ཚེས་24ཉིན་2020ལོའི་ཏུན་ཅིན་ཨོ་རྩལ་འགྲན་ཚོགས་ལ་ལོ་གཅིག་མ་གཏོགས་མེད་པའི་རྟེན་འབྲེལ་མཛད་སྒོའི་ཐོག མདོ་འཛིན་པས་ལྗར་པན་གྱི་ལྗིད་འདེགས་ལུས་རྩལ་པ་སན་ཀྲའེ་ཧུང་མའེ(གཡོན་གྱི་གསུམ་པ)དང་། ལྗར་པན་གྱི་ཀོ་གྲུའི་ལུས་རྩལ་པ་ཡུས་ཀེན་ཐེན་ཀྲུའུ(གཡས་གསུམ་པ)དང་། ལྗར་པན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཙེ་སུའེ་ཤིས(གཡས་གཉིས)དང་NBAམོང་ཧྥེ་སི་ཧུའེ་ཞུང་རུ་ཁག་གི་ལྗར་པན་སྤོ་ལོ་རྒྱག་མཁན་ཏུའུ་པན་ཞུང་ཐེ(གཡས་གཅིག་)བཅས་ལ་ཏུན་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་བྱ་དགའི་རྟགས་མའི་སྐོར་གྱི་མྱོང་ཚོར་བཀའ་འདྲི་གནང་བ་རེད།

1564041106184553.jpg

  • 顶 0