ཀྲུང་གོ་དང་སིང་ག་ཕོར་གྱིས་མཉམ་འབྲེལ་སྒོས་བ་སོ་ཏུན་8.8ལྐོག་འདྲེན་བྱེད་པའི་གྱོད་གཞི་རྩད་ཆོད་བྱུང་།

2019-07-24
0

༄༅།།ཀྲུང་གོ་དང་སིང་ག་ཕོར་གྱིས་མཉམ་འབྲེལ་སྒོས་བ་སོ་ཏུན་8.8ལྐོག་འདྲེན་བྱེད་
པའི་གྱོད་གཞི་རྩད་ཆོད་བྱུང་།

 ཟླ་7ཚེས་23ཉིན། འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་བརྡ་ཁྱབ་སྤེལ་དོན། ཀྲུང་གོའི་འགག་སྒོ་དང་སིང་ག་ཕོར་འགག་སྒོ་སྡེ་ཁག་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་བརྒལ་བའི་རྡུང་རྡེག་བྱ་སྤྱོད་སྤེལ་བ་དང་། བ་སོ་སོགས་སྟོངས་ལ་ཉེ་བའི་རྩ་ཆེན་དངོས་རིགས་དང་དེའི་ཐོན་རྫས་ལྐོག་འདྲེན་བྱས་པའི་རྒྱལ་སྤྱིའི་ཉེས་གསོག་ངན་ཚོགས་ཞིག་གཏོར་བ་དང་། དོགས་ཡོད་ཉེས་ཅན་པ་12བཟུང་ཡོད། ལྐོག་འདྲེན་བྱས་པའི་བ་སོ་ཏུན་8.8རྩད་ཆོད་ཡོད། 
    བརྡ་ཁྱབ་ལས་མངོན་གསལ། འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་གཅིག་གྱུར་གྱི་མཛུབ་སྟོན་བྱས་པར་བརྟེན། ནན་ཉིང་དང་ཧར་པིན། ཀོང་ཀྲོའུ་སོགས་ཀྱི་འགག་སྒོ་ཡིས་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྱི་སྤྱི་བདེ་ཐིང་དང་མཉམ་འབྲེལ་བྱས་ནས། དོགས་ཡོད་ཉེས་ཅན་12བཟུང་པ་དང་། དུས་མཉམ་དུ། ཀྲུང་གོའི་འགག་སྒོས་མཁོ་འདོན་བྱས་པའི་གསང་འཕྲིན་གནད་ལ་འཁེལ་བར་གཞིགས་ནས། སིང་ག་ཕོར་འགག་སྒོ་ཡིས་ཚོགས་པ་དེའི་བ་སོ་ཏུན་8.8ལྐོག་འདྲེན་བྱས་པ་རྩད་ཆོད་ཡོད། གྱོད་དོན་དེ་ལས་ད་དུང་ན་གིའི་ཁྲབ་ལེབ་ཏུན་11.9རྩད་ཆོད་ཡོད། 
    མིག་སྔར་གྱོད་དོན་དེ་ནི་སྒྲུབ་བཞིན་པའི་སྒང་ཡིན།
    ད་ལོའི་ཚུན་དུ། ཀྲུང་གོའི་འགག་སྒོ་ཡིས་བ་སོ་སོགས་སྟོངས་ལ་ཉེ་བའི་རྩ་ཆེན་དངོས་རིགས་དང་དེའི་ཐོན་རྫས་“ཨ་ཧྥེ་རི་ཀ་ནས་འདྲེན་པ་དང་། རྒྱལ་ཁབ་མང་པོར་བརྒྱུད་པ། ཉེ་འཁོར་དུ་གསོག་པ། རྒྱལ་ནང་དུ་འདྲེན་པ”ཡི་ལྐོག་འདྲེན་གྱི་ཁྱད་ཆོས་ལ་དམིགས་ནས། རྒྱལ་སྤྱིའི་ཁྲིམས་བསྟར་མཉམ་ལས་ཤུགས་ཇེ་ཆེར་བཏང་བས། རྒྱལ་ཁོངས་ལས་བརྒལ་བའི་མཉམ་འབྲེལ་བྱས་ནས་རྡུང་རྡེག་ཐེངས་མང་བྱས་པ་དང་། གནད་དུ་འཁེལ་བའི་ངང་སིང་ག་ཕོར་དང་ཝེ་ཐེ་ནམ། ཀྲུང་གོའི་ཤང་ཀང་སོགས་ལ་མཛུབ་སྟོན་བྱས་པ་ལས་འགག་སྒོ་ནས་བ་སོ་ཏུན་11དང་། ན་གིའི་ཁྲ་ལེབ་ཏུན་89.8 བསེ་རུའི་རྭ་སྟོང་ཁེ་90.5བཅས་རྩད་ཆོད་བྱུང་བ་དང་། ལྐོག་འདྲེན་གྱི་ཐོན་ཁུངས་དང་། བརྒྱུད་སྐྱེལ། མངའ་ཁོངས་བརྒལ་བ་བཅས་ཀྱི་སྦྲེལ་ཐག་ཡོངས་ལ་རྡུང་རྡེག་གཏོང་བ་མངོན་འགྱུར་བྱུང་ཡོད།


  • 顶 0