ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

2019-05-21
0

ཟླ་ལྔ་བའི་ཚེས་ཉི་ཤུའི་ཉིན། ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ཡི་གྲོས་ཁང་ཚོམས་ཁང་ཆེན་མོའི་ནང་། ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཙུང་ཐུང་གི་དབང་ཤུགས་མཚོན་པའི་དབྱུག་པ་མཐོ་རུ་བཏེགས་ནས་ཡོད།

ཝུའུ་ཁི་ལན་གྱི་གསར་དུ་བདམས་པའི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས་ཉི་ཤུའི་ཉིན་ཝུའུ་ཁི་ལན་གྱི་གྲོས་ཁང་གི་ཚོགས་ཆེན་སྟེང་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། འགན་ཡུན་ལོ་ལྔ་རེད།

ཉིན་དེའི་སྔ་དྲོར། ལས་འགན་ཁུར་བའི་མཛད་སྒོ་དེ་གྲོས་དཔོན་ཕཱ་ལུའུ་པུས་ཀྱི་མགོ་འཛིན་འོག་སྤེལ་མགོ་བརྩམས་པ་དང་། ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་གྱི་རྩ་ཁྲིམས་སྟེང་ལག་པ་བཞག་སྟེ། ཙུང་ཐུང་གི་དབང་ཤུགས་མཚོན་པའི་དབྱུག་པ་དང་ཐམ་ག་སོགས་དང་ལེན་བྱས། དེའི་རྗེས་སུ་གྲོས་ཁང་ནས་གཏམ་བཤད་ཐུང་ངུ་སྤེལ།

ཙེ་ལིན་སི་ཅི་ཡིས་བསྟན་དོན། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། མི་རིགས་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་དགོས་ཟེར། ཁོས་བསྟན་དོན། ཧུར་ཐག་སྒོས་ཝུའུ་ཁི་ལན་གྱི་ཏོན་པཱ་སི་ས་ཁུལ་དུ་ངེས་པ་དོན་གྱི་ཞི་བདེ་མངོན་འགྱུར་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

ཙེ་ལིན་སི་ཅི་ཡིས་ཅང་མི་འགོར་བར་སྐབས་འདིའི་གྲོས་ཁང་གཏོར་རྒྱུའི་ཚུལ་བསྟན་པར་མ་ཟད། ད་ལྟའི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་དག་ལ་ལས་གནས་སུ་སྡོད་པའི་དུས་ཡུན་ཟླ་ངོ་གཉིས་ལས་མེད་པའི་བརྡ་བཏང་།

གཞན་ཡང་ཝུའུ་ཁི་ལན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་པའོ་ཨར་ཐའོ་ལཱ་ཁི་ཡིས་དངོས་སུ་ལས་ཁུར་དགོངས་ཞུ་བྱེད་པའི་རེ་བ་བཏོན་ཡོད་ཟེར།

  • 顶 0