ཐེ་ལན་གྱི་ཏང་ཤོག་ཆུང་གྲས་༡༡གིས་པ་ཡུས་ནས་སླར་ཡང་ཙུང་ལིའི་འགན་གནས་བཞེས་རྒྱུར་རྒྱབ་སྐྱོར་བྱས་པ།

2019-05-14
0

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཐེ་ལན་སྟོབས་ཤུགས་ཏང་སོགས་ཏང་ཤོག་༡༡གིས་འདེམས་བསྐོ་ཆེན་མོའི་ཁྲོད་དུ་གདན་ཐོབ་རེ་ཐོབ་པའི་ཏང་ཤོག་ཆུང་གྲས་ཀྱིས་སྤྱི་ཚེས་༡༣ཉིན་ད་ལྟ་ཙུང་ལིའི་འགན་གནས་འཁུར་བཞིན་པའི་པ་ཡུས་ནས་མུ་མཐུད་དེ་ཙུང་ལི་གསར་པའི་འགན་གནས་བཞེས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། མི་དམངས་རྒྱལ་ཁབ་སྟོབས་ཤུགས་ཏང་གིས་སྣེ་ཁྲིད་ནས་བཙུགས་པའི་མཉམ་འབྲེལ་སྲིད་གཞུང་ནང་ཞུགས་རྒྱུ་ཡིན་ཞེས་མཉམ་དུ་ཁྱབ་བསྒྲགས་བྱས་པ་རེད།


  • 顶 0