རྫ་སྟོད་རྫོང་གིས་མ་ཡུམ་གཙང་བོར་སྲུང་སྐྱོང་བྱེད་པའི་འགུལ་སྐྱོད་སྤེལ་བ།

2022-04-30
0

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས“ཕ་ཡུལ་ལ་གཅེས་པ་དང་མགོ་ཁུངས་ལ་གཅེས་པའི”སྐྱེ་ཁམས་དོ་དམ་པའི་མ་ཡུམ་གཙང་བོར་གཙང་སེལ་བྱེད་པའི་བྱ་འགུལ་སྤེལ་བ་རེད།

བྱ་འགུལ་དེ་ལེགས་པོར་སྤེལ་ཆེད། རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ཆེད་དུ་སྤེལ་བར་རྩ་འཛུགས་བྱས་ཏེ། བྱ་འགུལ་གྱི་ཇུས་གཞི་གཏན་འབེབས་དང་དཔར་འགྲེམ་བྱས་པ་དང་། འགན་འཁྲིའི་ཁྱབ་ཁོངས་བགོས་ནས། བྱ་བའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་པ་མ་ཟད་བྱ་འགུལ་གྱི་བླང་བྱ་ནན་གྱིས་བསྟན་པ་རེད། བྱ་འགུལ་གྱི་ཡུལ་དངོས་སུ། བསྡོམས་པས་སྐྱེ་ཁམས་དོ་དམ་པ་དང་ཁོར་སྲུང་ལས་བཟོ་བ། སྡེ་ཁུལ་གྱི་ལས་བྱེད་མི་སྣ། མངལ་ཁུལ་གྱི་མང་ཚོགས3000ལྷག་ཡོད་པ་དང་སྐྱེལ་འདྲེན་རླངས་འཁོར30ལྷག་གིས་གཙང་བོ་འགྲམ་གྱི་གད་སྙིགས་ས་གནས40ལྷག་གཙང་སེལ་དང་བཅོས་སྒྲིག་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་གཙང་བོ་འགྲམ་གྱི་གཙང་སྦྲ་བྱ་འགུལ་སྤེལ་བར། གཙང་སེལ་གྲུབ་འབྲས་དང་སྲུང་སྐྱོང་ཕན་ནུས་ཆེན་པོ་ཐོབ་པ་རེད།  །


  • 顶 0