འདབ་པ་ནས་ལོ་ཁྲི13ལྷག་གི་ལོ་རྒྱུས་ལྡན་པའི་གནའ་ཤུལ་རྙེད།

2021-10-03
0

སྤྱི་ཟླ་9པའི་ཚེས་27ཉིན། རྒྱལ་ཁབ་རིག་དངོས་ཁང་གིས་ཀྲུང་གོའི་གནས་རྫས་རྟོག་ཞིབ་ཅེས་པའི་རྣམ་གྲངས་གལ་ཆེན་གྱི་འཕེལ་ཚད་ལས་དོན་ཚོགས་འདུ་འཚོགས་ཤིང་། སི་ཁྲོན་འདབ་པ་རུ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་100ཙམ་ཡོད་པའི་རྡོ་ཆས་རྙིང་པའི་གནའ་ཤུལ་ཏེ་ཕན་རོགས་གནའ་ཤུལ་གསར་རྙེད་བྱུང་བ་ཁྱབ་བསྒྲགས་བྱས། གནའ་ཤུལ་དེ་ལ་མ་མཐའ་ཡང་ད་ལྟའི་བར་ལོ་ངོ་ཆིག་འབུམ་སུམ་ཁྲི་ཡན་གྱི་ལོ་རྒྱུས་ལྡན་པ་མ་ཟད། གཙོ་ཆེ་བ་ནི་དེའི་གནས་ཡུལ་མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་ཡིན་ཞིང་། མཚོ་འཕགས་སྨི་3750ཡས་མས་ལ་སླེབས་ཡོད།

རྡོ་ཆས་རྙེད་སའི་ཡུལ་དངོས།

གནའ་ཤུལ་སྔོག་འདོན་བྱས་པ་ནས། གནས་རྫས་རྟོག་ཞིབ་པས་དེ་ནས་སྟ་རེ་སོགས་རྡོ་ཆས་དངོས་རྫས་ཁ་གྲངས་ཁྲི་ལ་ཉེ་བ་རྙེད་པ་དང་། ལོ་ངོ་ཆིག་འབུམ་སུམ་སྟོང་གྱི་ཡར་སྔོན་ནས། མིའི་རིགས་ཀྱིས་སྤྱིར་མིའི་རིགས་འཚོ་གནས་ལ་མི་འཚམས་པའི་མདོ་དབུས་མཐོ་སྒང་དེ་བཙན་གྱིས་འདུལ་འགོ་བརྩམས་པ་ར་སྤྲོད་བྱས་ཡོད།
ཆེད་མཁས་པས་ཕན་རོགས་གནའ་ཤུལ་ནི་འཛམ་གླིང་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཐེངས་ཤིག་ཡིན་པ་དང་། མ་འོངས་པར་རྒྱལ་ཕྱི་ནང་གི་རིག་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་བཏོན།
གསལ་བཤད། 皮洛ཞེས་པ་བོད་ཡིག་ཏུ་ཇི་ལྟར་བྲིས་ཡོད་མ་གསལ་བས་མཁྱེན་མཁན་ཚོས་མཆན་འགོད་རོགས་ཞུ།

འདབ་པ་གནའ་ཤུལ།


ཆེད་མཁས་པས་གནའ་ཤུལ་ནས་ཐོན་པའི་རྡོ་ཆས་ལ་བརྟག་དཔྱད་བྱེད་བཞིན་པ།

རྡོ་ཆས་སྣ་ཚོགས།


  • 顶 0