2021ལོའི་གྲ་ནང་ཞིང་པའི་ལོ་ལེགས་དུས་ཆེན་དང་སྣམ་བུའི་རིག་གནས་དུས་ཆེན་གྱི་མགོ་ཚུགས་པ།

2021-10-03
0

ཟླ9པའི་ཚེས27ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས2021ལོའི་གྲ་ནང་ཞིང་པའི་ལོ་ལེགས་དུས་ཆེན་ནམ་སྣམ་བུའི་རིག་གནས་དུས་ཆེན་སྤེལ་ཞིང་། ཐེངས་འདིའི་རིག་གནས་དུས་ཆེན་ཐོག“མཛེས་སྡུག་ལྡན་པའི་གྲ་ནང་གསར་དུ་སྐྲུན། དུས་གསར་བདེ་སྐྱིད་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་གཞིར་བྱས་ཡོད་ལ། དེའི་དམིགས་ཡུལ་ནི་ལོ་རྒྱུས་ཀྱི་རྐང་འཛུགས་ས་གསར་བའི་སྟེང་མཐུན་སྒྲིལ་འབྱོར་ཕྱུག་དང་། དཔལ་ཡོན།འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲ་ནང་གསར་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། སྟོབས་ཤུགས་ཆེར་སྐྱེད་ཀྱིས་གྲ་ནང་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་རྒྱུ་དེ་རེད། 

《གྲ་ནང་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས》ཞེས་པའི་གླུ་གཞས་ཁྲོད་དུས་ཆེན་གྱི་མགོ་ཚུགས་ཤིང་། ཐེངས་འདིའི་འཁྲབ་སྟོན་ལེའུ་གསུམ་ལ་དབྱེ་ཡོད་སྟེ། ལེའུ་དང་པོ《ལོ་བརྒྱའི་བཀྲག་མདངས་འཚེར་བའི་ལེའུ》དང་། ལེའུ་གཉིས་པ《འབྱོར་ཕྱུག་ལྡན་པའི་འཚོ་བ》ལེའུ་གསུམ་པ《འབད་འབུངས་མདུན་སྐྱོད་ཀྱི་དུས་རབས་གསར་པ》མཇུག་འགྲིལ་གླུ་གཞས《གླུ་ཞིག་བླངས་ནས་ཏང་ལ་འབུལ》བཅས་རེད། འཁྲབ་སྟོན་ཡུལ་དངོས་སུ་ལེ་ཚན་སྣ་མང་ཕུན་སུམ་ཚོགས་པ་དང་ལྟད་མོ་བའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད་ལ། ངོ་མཚར་ཆེ་བའི་ཞབས་བྲོ་དང་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱིས་རྒྱ་ཆེའི་གྲོང་མི་ཚོར་མིག་གི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།མགོ་ཚུགས་མཛད་སྒོའི་ཉིན་དེར་འགྲེམས་ཚོང་འདུ་ཚོགས་ཀྱང་དུས་གཅིག་ཏུ་འཚོགས་ཤིང་། སྣ་མང་ཕུན་སུམ་ཚོགས་པའི་ཐོན་རྫས་ཀྱིས་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད། བོད་ཀྱི་གྱོན་ཆས་དང་སྣམ་བུ་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕུད། ད་དུང་ཡུལ་གཞན་གྱི་ཐོན་རྫས་མང་པོ་ཡོད།འགྲེམས་ཚོང་འདུ་ཚོགས་ཐོག་ཚོང་དུད510ཡོད་པ་དང་ཚོང་ཟོག་སྣ་ཁ58ཟིན་ལ། ཚོང་ཟོག་གི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི10ལྷག་ཡོད།

དེ་དང་ཆབས་ཅིག་ཏུ་གསར་འགོད་པས་རྒྱུས་ལོན་ལྟར་ན། ཐེངས་འདིའི་རིག་གནས་དུས་ཆེན་ཟླ9པའི་ཚེས27ཉིན་ནས་ཚེས29ཉིན་བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་དང་། མགོ་ཚུགས་མཛད་སྒོའི་སྟེང་གི་ངོ་མཚར་ཆེ་བའི་འཁྲབ་སྟོན་ཕུད། ད་དུང“ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ། ཏང་གི་བཀའ་དྲིན་ཚོར་བ”ཞེས་པའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་དང་། “གྲ་ནང་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས”ཞེས་པའི་གླུ་གར་འགྲན་བསྡུར་ཆེན་མོ། ལྷ་མོའི་ཟློས་གར་འཁྲབ་སྟོན། ཚོང་ཟོག་འགྲེམས་ཚོང་། གྲ་ནང་སྐོར་བྲོ་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད། །

  • 顶 0