བོད་ལྗོངས་ལྷོ་ཁའི་སློབ་མ་རྣམས་ཀྱིས་འཚོ་བ་གསར་བ་དང་སློབ་སྐབས་གསར་བ་བསུས།

2021-08-27
0

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷོ་ཁ་གྲོང་ཁྱེར་གུང་དཀར་རྫོང་གི་སྲིན་བུ་རིའི་ལོ་དགུ་བསྟུད་འབྲེལ་ལམ་སྲོལ་གྱི་སློབ་གྲྭས་སློབ་སྐབས་གསར་བ་སློབ་མགོ་ཚུགས་པའི་མཛད་སྒོ་བསྡུས། ཐུན་མོང་མ་ཡིན་པ་ཞིག་ལ་བྱིས་པ་དེ་དག་ལེ་དབར་སྟོང་གི་ས་མཚམས་ཀྱི་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་ནས་ཡོང་བའི་གནས་སྤར་ཁྱིམ་ཚང་གི་བྱིས་པ་ཡིན། མཚེའུ་གཉིས་རྫོང་གི་ས་བབ་སྨི5000ཡོད་པ་དང་། ཉིན་རྒྱུན་གྱི་སློབ་གསོའི་སྒྲིག་ལམ་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། གནས་སྤར་བ་བརྒྱུད། བྱིས་པ་དེ་དག་ལ་སྔར་ལས་ལེགས་པའི་སློབ་གསོའི་ཆ་རྐྱེན་དང་འཚོ་བའི་གོ་སྐབས་ཐོབ་ཡོད།  །

པར་འདི་དག་ནི་སྲིན་བུ་རི་བདེ་སྐྱིད་ཁྱིམ་གཞིས་ལོ་དགུ་བསྟུད་འབྲེལ་ལམ་སྲོལ་གྱི་སློབ་གྲྭ་སློབ་མགོ་ཚུགས་པའི་རྣམ་པ་རེད།


  • 顶 0