ང་ཚོར་ཏང་ཀྲུང་དབྱང་གིས་བསྩལ་བའི་ལག་རྟགས་ཆེན་པོ་འབྱོར་བྱུང་།

2021-08-27
0

     མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་གོས་འཁྲུད་འཕྲུལ་འཁོར་འབྱོར་རྗེས་མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་རྒྱ་སྨུག་གྲོང་ཚོའི་གྲོང་མི་ནོར་འཛིན་དབང་མོའི་ཁྱིམ་མིས་དགའ་སྤྲོའི་ངང་ཐུམ་སྒྲིལ་ཁ་ཕྱེ་ནས་གསལ་བཤད་ཡི་གེ་ལྟ་ཀློག་ཞིབ་ཚགས་བྱས་པ་མ་ཟད། གྱོན་པ་གོས་འཁྲུད་འཕྲུལ་འཁོར་ནང་བཞག་དེ་བཀྲུས་འགོ་ཚུགས། 

     “ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་དུས་འདིར་ང་ཚོར་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་ལག་རྟགས་ཆེན་པོ་ཞིག་འབྱོར་ཐུབ་བྱུང་། དེའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་བོད་ཀྱི་མི་སེར་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བ་གང་ལེགས་མཚོན་ཡོད་ལ་ང་ཚོར་བླ་ན་མེད་པའི་དྲོ་སྐྱིད་དང་སེམས་སྐྱིད་པོ་བྱུང་ལ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད”ཅེས་ནོར་འཛིན་དབང་མོ་ཡིས་དགའ་སྤྲོའི་ངང་བཤད། 
     འདི་ནི་རང་ལྗོངས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་དྲན་གསོའི་དངོས་པོ་འབྱོར་བའི་མིའི་སེམས་འགུལ་བའི་རྣམ་པ་ཞིག་ཡིན། 
     ཉིན་ཤས་བསྟུད་མར་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བསྩལ་བའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70འཁོར་བའི་དྲན་གསོའི་དངོས་པོ་འབྱོར་བའི་རང་ལྗོངས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་མཛའ་བརྩེ་ཟབ་མོ་མྱོང་ཚོར་གང་ལེགས་ཐུབ་ནས་སེམས་འགུལ་ཚད་མེད་ཐེབས་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། དྲན་གསོའི་དངོས་པོ་དེ་དག་ལ་ཁྱོན་རྣམ་གྲངས་ཆེན་པོ་10ཡོད་པ་དང་དེའི་ནང་རྟེན་འབྲེལ་ཞུ་བྱང་དང་། བཀྲ་ཤིས་གོས་དར། གཙོ་འཛིན་གྱི་བྲིས་སྐུ་དང་། གཡུ་རྩི་སྣོད། གོས་འཁྲུའི་འཕྲུལ་ཆས། སྨན་བཅོས་བདེ་ཐང་ཁུག་མ་དང་གློག་རྡུལ་ཁྲག་གནོན་རྩིས་ཆས། མལ་གདན་ཆ་བཞི། སྒྲ་སྒམ། དཔེ་དེབ་བཅས་ཚུད་ཡོད། བོད་ཀྱི་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་བསམ་གཞིག་གང་ལེགས་བྱས་ཡོད་ལ་མི་རིགས་ཀྱི་གོམས་སྲོལ་དང་ཡང་འཚམ་པས་སྤྱོད་གོ་ཆོད་ལ་སྤུས་ཚད་ཀྱང་འགན་ལེན་བྱས་ཡོད་པ་རེད། དྲན་གསོའི་དངོས་པོ་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་། བོད་སྡོད་དཔུང་སྡེ། ཁེ་ལས་དང་བྱ་གཞག་སྡེ་ཚན། གྲོང་མི་ཨུ་ལྷན། དགོན་སྡེ། ནང་བསྟན་མཐུན་ཚོགས། ནང་བསྟན་སློབ་གླིང་། ཞིང་འབྲོག་མང་ཚོགས། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི། ལས་བྱེད་ལས་བཟོ་བ། བོད་སྡོད་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག ཆོས་ལུགས་ལས་རིགས་ཀྱི་མི་སྣ། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་ལས་བཟོ་སོགས་ལ་སྤྲོད་ཀྱི་ཡོད་པ་རེད།


  • 顶 0