ཡུན་ནན་སྤྲེལ་ཁྲའི་རྒྱུད་ལ་ཁོངས་མི་གསར་བ་བྱུང་།

2021-08-26
0

   མི་དམངས་དྲ་བའི་འཕྲིན། མི་དམངས་དྲ་བ་བདེ་ཆེན་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་20ཉིན་གྱི་ཞོགས་པར། ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞང་ཀུའུ་ཅེ་ཡུན་ནན་སྤྲེལ་ཁྲ་ཁྱུ་ཚོགས་ཀྱི་“རང་ཉིད་གཉིས”ཁྱིམ་ཚང་ལ་ཁོངས་མི་གསར་པ་ཡུན་ནན་སྤྲེལ་ཁྲའི་ཕྲུ་གུ་སྙིང་རྗེ་པོ་ཞིག་སྐྱེས་པ་དང་། སྤྲེའུ་ཚོགས་དེའི་ཁྱིམ་མིའི་གྲངས་འབོར་7དུ་ཕྱིན་ཡོད་པ་རེད། 

  ཤེས་རྟོགས་བྱུང་བར་གཞིགས་ན། སྤྲེལ་ཕྲུག་དེ་ནི་ཡུན་ནན་པད་མ་གངས་རིའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞང་ཀུའུ་ཅེ་སྤྲེལ་ཁྲའི་ཁྱུ་ཚོགས་ལ་ད་ལོ་སྐྱེས་པའི་སྤྲེལ་ཕྲུག་བཅུ་གཉིས་དེ་ཡིན་ཞིང་། དེས་ཟིན་ཐོ་ཡོད་པའི་དུས་ནས་བཟུང་གི་ཡུན་ནན་སྤྲེལ་ཁྲ་སྐྱེས་པའི་དུས་ཚོད་ཕྱི་ཤོས་ལས་བརྒལ་ཡོད། ཟླ་6ཚེས་8ཉིན་གྱི་ཟིན་ཐོ་དེ་ཟླ་8ཚེས་20ཉིན་གྱི་ཟིན་ཐོ་རུ་བསྒྱུར།)སྲུང་སྐྱོང་ཁུལ་གྱི་ལས་དོན་མི་སྣས་དེ་ནི་སྤྲེའུ་ཚོགས་ཀྱི་བཟའ་བཅའི་འགན་ལེན་དང་འཚོ་བཅུད་ཀྱི་གནས་ཚུལ་སོགས་དང་འབྲེལ་བ་ཡོད་པ་མ་ཟད། སྲུང་སྐྱོང་ལས་དོན་ལ་ཚན་རིག་དང་མཐུན་ལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བཤད་པ་རེད།


  • 顶 0