
མི་དམངས་དྲ་བའི་འཕྲིན། 1944ལོར་སྐྱེས་པའི་ཚེ་རིང་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲང་ཤང་གི་འབྲོག་པ་ཞིག་ཡིན་པ་དང་། སྤྱི་ཚོགས་རྙིང་བའི་སྐབས་སུ་འབྲོག་ཁུལ་ལ་ཤ་ཁྲལ་དང་མར་ཁྲལ། འོ་མའི་ཁྲལ། ལྕི་བའི་ཁྲལ། ཚྭའི་ཁྲལ་སོགས་ཁྲལ་རིགས་མང་པོ་ཡོད། ཁྲལ་འགན་ཧ་ཅང་ལྗིད་པས་དབུལ་པོ་དག་ནི་ཕྱུག་པོར་འགྱུར་ཐབས་བྲལ། ཚེ་རིང་གིས། “གལ་ཏེ་ལོ་དེར་མར་རྒྱ་མ་གང་ཆད་སོང་ན། ཕྱི་ལོར་རྒྱ་མ་གཉིས་སྤྲོད་དགོས། མི་རབས་ནས་མི་རབས་ལ་ཁྲལ་ཐོག་ཁྲལ་བསྣན་ནས་སྐྱིད་པའི་ཉི་མ་ཞིག་མཐོང་མི་ཐུབ”ཅེས་བཤད། ཁྲལ་འདི་དག་ནི་རིམ་བཞིན་བུ་ལོན་དུ་གྱུར་བ་རེད། ཆུང་དུས་ལ་ཕྱིར་དྲན་བྱེད་དུས། ཐང་ལ་པུས་མོ་བཙུགས་ནས་ཨ་མས་བུ་ལོན་འདེད་མཁན་ཚོར་ཞུ་བ་བྱེད་པའང་ཁོང་གི་མིག་ལམ་དུ་ད་དུང་ཤར་ཐུབ་ཟེར། བུ་ལོན་དེ་དག་ནི་མེས་པོའི་རིང་ནས་རིམ་གྱིས་བསགས་ཡོང་བ་ཡིན།
1959ལོར། ཚེ་རིང་ནི་བོད་ཀྱི་ཞིང་བྲན་ཁྲི་བརྒྱ་དང་མཉམ་དུ་བཅིངས་འགྲོལ་ཐོབ་པ་རེད། ཁོང་ཚང་ལ་ནོར་ལུག་དང་རྩྭ་ར་བགོ་བཤའ་ཐོབ་ལ། ཁང་པ་གསར་པ་བརྒྱབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ། ད་ཆ། ཚེ་རིང་ཚང་གིས་ཕྱུགས་ལས་དང་སྐྱེལ་འདྲེན་ལས་རིགས་ལ་བརྟེན་ནས། ལོ་རེར་ཡོང་འབབ་སྒོར་ཁྲི་20ལྷག་ཟིན་ཡོད། ཁོང་ཚང་གི་ཁང་པ་ཐོག་བརྩེགས་གཉིས་ཅན་དེ་ནི་གྲོང་ཚོའི་ནང་གི་ཁང་པ་ཡག་ཤོས་སུ་གྱུར་ཡོད།





འཕྲིན་སྟེགས། weikangba