ལོ་སར་གླུ་ཚོགས་ཕབ་ལེན་ལེགས་འགྲུབ་བྱུང་།

2020-12-23
0

图片

ཁམས་པའི་བརྙན་འཕྲིན་ཁང་གི་༢༠༢༡ལོའི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས(ལོ་སར་གླུ་ཚོགས)༼མེ་ཏོག་སྤང་ལ་བཞད་༽ཅེས་པ་ཕབ་བསྐྲུན་ལེགས་འགྲུབ་བྱུང་། ངེད་ཁམས་པའི་བརྙན་འཕྲིན་ཁང་གི་སྤྱི་ལོའི་ལོ་གསར་བསུ་བའི་གླུ་ཚོགས་མེ་ཏོག་སྤང་ལ་བཞད་ཅེས་པའི་གླུ་ཚོགས་ཁམས་པའི་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཁང་ནས་གཟབ་རྒྱས་ངང་ཚོགས་ཤིང་། བོད་ཀྱི་མིང་དུ་གྲགས་པའི་གཞས་པ་གཞས་མ། དྲ་སྒང་ན་སྙན་པའི་གྲགས་པ་འབར་བའི་དྲ་གྲགས་བསྟན་འཛིན་སོགས་ཐེངས་འདིའི་སྤྲོ་ཚོགས་སྟེང་དུ་ཞུགས་འདུག

图片

༢༠༢༠ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་གྲུབ་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་མཇུག་བསྡུས་ཀྱི་ལོ་ཡང་ཡིན། ལོ་འདིའི་ནང་རྒྱལ་ཡོངས་མི་དམངས་གོང་འོག་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཏོག་གསར་རིམས་ནད་འགོག་རྒོལ་ལས་བར་སྐབས་ཀྱི་རྒྱལ་ཁ་ཆེན་པོ་བླངས་ནས་རིམས་འགོག་ཕྱོགས་ནས་འཛམ་གླིང་གིས་ཁ་མིག་ཡར་ལྟ་བྱེད་ས་ཞིག་ཏུ་ཆགས། ༢༠༢༡ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་དབུ་ཚུགས་ཀྱི་ལོ་ཡིན་པ་མ་ཟད། ང་ཚོའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དགའ་སྟོན་རྟེན་འབྲེལ་ཞུ་བའི་ལོ་ཡང་རེད། དེ་བས་རྫོགས་ལྡན་གྱི་དུས་འདིར་དགའ་བའི་གར་ལ་རོལ་ཞིང་སྐྱིད་པའི་གླུ་དབྱངས་ལེན།

图片

图片

图片

图片

图片

图片

图片

图片

图片

ཐེངས་འདིའི་གླུ་ཚོགས་རབ་བྱེད་བཞི་རུ་བཀར་ཅིང་། རྩེད་འགོ་དང་ཉམས་འགྱུར་སྟོང་ལྡན་ཤམ་བྷ་ལ། མཐོང་བ་ཀུན་སྨོན་ཤམ་བྷ་ལ། གནའ་དེང་ཟུང་འབྲེལ་ཤམ་བྷ་ལ་བཅས་ཡིན། བོད་ཀྱི་མིང་དུ་གྲགས་པའི་གླུ་པ་པདྨ་བསམ་གྲུབ་དང་། བདེ་སྐྱིད་ཚེ་རིང་། ནོར་བུ་བསམ་གྲུབ། གྲུ་བ་བསམ་གྲུབ། བསོད་ནམས་མགོན་པོ། ནམ་མཁའ་མཚོ་སོགས་སྐར་ཆེན་མང་པོ་གདན་འདྲེན་ཞུས་ཡོད་པ་མ་ཟད། ཁམས་པའི་བརྙན་འཕྲིན་གྱི་གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་འགྲན་སྡུར་ལས་ཐོན་པའི་གཞོན་སྐྱེས་གླུ་པ་ཕུན་ཚོགས་དར་རྒྱས་དང་། ཐང་ཚ་ཚེ་དབང་ལྷ་མཚོ། མཁས་གྲུབ་རྒྱལ་མཚན། ཡོན་ཏན་རབ་རྒྱས། དབང་མོ་བདེ་ཆེན་སོགས་ཤམ་བྷ་ལའི་རོལ་དབྱངས་འཆར་འགོད་ཀྱིས་བསྐྱེད་བསྲིང་བྱས་པའི་གཞས་པ་གཞས་མ་ཡང་མང་པོ་ཐོན་འདུག

དེ་མིན་ཐེངས་འདིའི་གླུ་ཚོགས་ཁྲོད་གཞས་པ་གང་མང་གིས་གླུ་གཞས་གསར་པ་རྐྱང་རྐྱང་གྲ་སྒྲིག་བྱས་འདུག་ལ། ལྷག་པར་བདེ་སྐྱིད་ཚེ་རིང་གི་《ལམ་དཀར་པོ་》དང་གྲུ་བ་བསམ་གྲུབ་སོགས་ཀྱིས་བླངས་པའི་ཁམས་པའི་དགའ་ཚལ་གྱི་བརྗོད་དོན་གླུ་དབྱངས་《ཡིད་ཀྱི་མཆོད་སྤྲིན།》 དེ་མིན་གྲུ་བ་བསམ་གྲུབ་ཀྱི་《བོད་པའི་བུ་མོ་》སོགས་ལ་དྲ་སྒང་ན་རེ་སྒུག་ཆེན་པོ་བྱེད་བཞིན་འདུག

ཉེ་བའི་ཟླ་ངོ་གཉིས་ཀྱི་རིང་འཛམ་གླིང་ན་མིང་གྲགས་འགྲོ་བཞིན་པའི་བོད་ཀྱི་དྲ་གྲགས་བསྟན་འཛིན་ཀྱང་ཐེངས་འདིའི་གླུ་ཚོགས་ཁྲོད་གདན་འདྲེན་ཞུས་འདུག་ལ། ཁོ་དང་ལི་ཐང་གི་གསར་བུ་ཁ་ཤས་ཤོམ་འགྲོ་བྱས་པ་མ་ཟད། ཡུལ་དངོས་ནས་ཁོའི་གནས་ཚུལ་སྐོར་གྱི་བགྲོ་གླེང་ཐུང་ཐུང་ཡང་སྤེལ་སོང་བས་ཡུལ་དངོས་ལྟད་མོའི་ཡིད་སེམས་དབང་མེད་དུ་བཀུག

མཇུག་མཐར་ཤམ་བྷ་ལ་རོལ་དབྱངས་གསར་རྩོམ་རྟེན་གཞི་གསར་འཛུགས་ཀྱི་མཛད་སྒོ་སྤེལ་ཞིང་རྒྱལ་ཁབ་རིམ་པའི་དབྱངས་རྩོམ་པ་པོ་གྲགས་ཅན་སྨོན་ལམ་རྡོ་རྗེ་ལ་གདན་ཞུའི་ཡི་གེ་གནང་ཞིང་། གདངས་མཐོའི་གཞས་པ་ཚེ་མགོན་དང་རོལ་དབྱངས་པ་པདྨ་བསམ་གྲུབ། ཏན་ཏན། གཞོན་སྐྱེས་གླུ་མ་ནོར་ལྷ་སོགས་ཁམས་པའི་བརྙན་འཕྲིན་ཁང་གི་འགོ་ཁྲིད་གཉིས་བཅས་ཀྱིས་མཉམ་དུ་ཤམ་བྷ་ལ་རོལ་དབྱངས་གསར་རྩོམ་རྟེན་གཞི་དབུ་འབྱེད་པ་རེད།

ཐེངས་འདིའི་གླུ་ཚོགས་དེ་སྤྱི་ཟླ་12པའི་ཚེས་31ཉིན་གྱི་དགོང་མོ་གཏོང་རྒྱུ་ཡིན་ལ། རྒྱ་ཆེའི་བརྙན་འཕྲིན་མདུན་གྱི་ལྟད་མོ་བ་དང་དྲ་སྒང་གི་ཞེན་མི་ཚོ་དང་མཉམ་དུ་༢༠༢༡ལོའི་སྤྱི་ལོའི་ལོ་གསར་བསུ་རྒྱུ་ཡིན་པས། དུས་ལྟར་གསན་གཟིགས་གནང་བར་དགའ་བསུ་ཞུ།

  • 顶 0