མཐོ་སྒང་གི་རི་གྲོང་ནས་ཡོང་བའི་བསྟན་འཛིན།

2020-12-07
0

༄༅༎མཐོ་སྒང་གི་རི་གྲོང་ནས་ཡོང་བའི་བསྟན་འཛིན།

ཤིན་ཧྭ་གསར་འབྱུར་ནས་གློག་འཕྲིན་འབྱོལ་གསལ། ལི་ཐང་རྫོང་ལི་ཐང་གནའ་གྲོང་གི་ཚངས་དབྱངས་རྒྱ་མཚོའི་རྟེན་རྫས་བཤམས་མཛོད་ཁང་ཆུང་གྲས་སུ། བསྟན་འཛིན་གྱིས་སེམས་ཆུང་ངང་སྐར་ཁུང་གི་ཁྲ་ཡོལ་ཕྱེས་བཞིན་ཡོད། ཁོ་རང་གི་ཁྱིམ་དུ་ཁྲ་ཡོལ་འདི་འདྲ་ཞིག་སྒྲིག་སྦྱོར་བྱས་མི་མྱོང་བ་རེད། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་ལས་མི་ཞིག་ཡིན་པའི་ངོས་ནས། འདི་ནི་བསྟན་འཛིན་གྱི་འབྱུང་འགྱུར་ལས་ཀ་བྱ་ཡུལ་གྱི་གྲས་ཤིག་ཡིན།     ལོ་20ལ་སླེབས་པའི་བོད་རིགས་ཕོ་གཞོན་བསྟན་འཛིན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་རི་གྲོང་ཆུང་ཆུང་ཞིག་ནས་ཡོང་ལ། ཉིན་20ལྷག་གི་སྔོན་ལ། པར་རྒྱག་མཁན་ཞིག་གིས་བརྙན་ཐུང་ལས་སྟེགས་ཐོག་ཡོངས་བསྒྲགས་བྱས་པའི་བརྙན་ཐུང་གིས་བསྟན་འཛིན་མྱུར་དུ་སྐད་གྲགས་ཆོད་བཅུག་པ་རེད། ཁོའི་དྭངས་གཙང་གི་མིག་མདངས། འོད་འཕྲོ་བའི་འཛུམ་མདངས། རྒྱབ་ཀྱི་གངས་རི་དང་རྩྭ་ཐང་བཅས་ཀྱིས་དྲ་གྲོགས་ཁྲི་སྟོང་མང་པོས་ཞིང་སྡེ་འབྲོག་གླུའི་རྣམ་པའི་འཚོ་བ་རེ་སྒུག་བྱེད་བཞིན་པའི་སེམས་པ་དང་མཐུན་པས། སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་སྟེང་དུ“བསྟན་འཛིན་གྱི་ཚ་རླབས”ཤིག་འཕྱུར།     དེའི་རྗེས་སུ། བསྟན་འཛིན་གྱིས་ལི་ཐང་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་མི་ཞིག་ཏུ་གདན་ཞུ་བྱས་པ་དང་ལེན་བྱས་པ་དང་འབྲེལ་ལི་ཐང་རྫོང་གི་ཡུལ་སྐོར་གཟུགས་བརྙན་ཕོ་ཉ་བྱས་པ་རེད། ཉིན་20ལྷག་གི་རིང་ལ་ཁོང་གིས་དཀར་མཛེས་ཁུལ་ལ་ཡུལ་སྐོར་དྲིལ་བསྒྲགས་གློག་བརྙན་ཕབ་སྐྲུན་བྱས་པ་དང་། ད་དུང་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཟིན་པའི་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་ཁྲེང་ཏུའུ་གྲོང་ཁྱེར་དུ་ཡུལ་སྐོར་འོས་སྦྱོར་ཚོགས་འདུར་ཞུགས་ནས་ཕ་ཡུལ་ལ་ཤུགས་རྒྱག་པ་རེད། འདི་ནི་བསྟན་འཛིན་སྐྱེས་པ་ནས་བཟུང་ཐེངས་དང་བོར་འདི་འདྲའི་རྒྱང་ཐག་རིང་བའི་ས་ཆར་སོང་བ་དེ་རེད། གཟུགས་བརྙན་ཕོ་ཉ་ཕུད་ལི་ཐང་རྫོང་རིག་གནས་ཡུལ་སྐོར་ལུས་རྩལ་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིས་ད་དུང་བསྟན་འཛིན་ལི་ཐང་རྫོང་བོད་ཀྱི་དམངས་སྲོལ་རིག་གནས་གཅིག་སྡུད་ཉམས་ལེན་བྱེད་སའི་ལི་ཐང་གནའ་གྲོང་གི་རྟེན་རྫས་བཤམས་མཛོད་ཁང་ཆུང་གྲས་སུ་འགྲེལ་བཤད་པའི་འགན་འཁུར་བཅུག་པར་མངགས་རྒྱུ་རེད།     ད་ལྟ་མི་རྣམས་ཀྱིས་བསྟན་འཛིན་བརྒྱུད་ནས། སྙན་ངག་གི་ཉམས་འགྱུར་ལྡན་པའི་དག་ཞིང་ཞིག་མཐོང་བ་མ་ཟད། རང་རྒྱལ་གྱི་དཀའ་སྤྱད་ཚད་མེད་ཀྱི་དབུལ་པོ་ཉུང་གཏོང་གི་བྱ་གཞག་དང་ཁུ་སིམ་མེར་བློས་གཏོང་མཁན་མང་པོ་ཡང་མཐོང་བ་རེད། སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འགྲིམ་འགྲུལ་དང་། གློག་ཤུགས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས། “བསྟན་འཛིན་རྣམས”ལ་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་དུ་སྐྱོད་པར་ལམ་བུ་བཏིང་བ་དང་ཁོང་ཚོར་ཕྱི་རོལ་ཤེས་རྟོགས་བྱེད་པའི་སྐར་ཁུང་ཕྱེ་ཡོད། བསྟན་འཛིན་གྱི་ཕ་ཡུལ་དུ། གཞོན་ནུ་མི་ཉུང་བ་ཞིག་གིས་བརྙན་ཐུང་དང་ཐད་གཏོང་སོགས་བརྩེས་ནས་དྲ་སྦྲེལ་བརྒྱུད་ཕ་ཡུལ་གྱི་མཛེས་ལྗོངས་དང་ཁྱད་ཆོས་དྲིལ་བསྒྲགས་བྱས་ཡོད་པ་དང་། ཕྱི་རོལ་གྱིས་མཛེས་སྡུག་ལྡན་པའི་ལི་ཐང་ལ་རྒྱུས་ལོན་བྱེད་པའི་སྒོ་ཆེན་ཞིག་ཀྱང་ཕྱེས་ཡོད་པ་རེད། (བརྒྱུད་སྐུར་བྱེད་དུས་དྲ་ཚིགས་འདི་མ་གསུབ་རོགས་གནང་།http://tibet.people.com.cn/15831904.html)

༄༅༎མཐོ་སྒང་གི་རི་གྲོང་ནས་ཡོང་བའི་བསྟན་འཛིན།

  • 顶 0