ཤམ་བྷ་ལའི་སྐུ་མགྲོན་སྒྲོན་པེ་མ་ཡུམ་སློབ་གྲྭར་བྱོན་པ།

2020-10-23
0

 

        དཔེ་ཀློག་གི་ཉིན་མོ་ནི་ཆེས་མཛེས་པའི་དུས་དྲན་ཏེ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་སྒོ་ཡིན་ལ་ཉེས་ཀུན་དྲུངས་ནས་འབྱིན་བྱེད་ཀྱི་གྲི་གུག་ཀྱང་ཡིན། ཉིན་དེར། དཔེ་ཀློག་གི་གལ་ཆེན་རང་བཞིན་ལ་བསྟོད་པའི་སྙན་ངག་གྱེར་འདོན་སྒྲ་འཛིན་བུ་གར་རྒྱུ་བ་ན་མཐོ་དམའ་དལ་མགྱོགས་ཀྱི་སྒྱུ་རྩལ་ནི་སྙན་ཀྱང་སྙན་ལ། གནས་ལུགས་སྟོང་ལྡན་གྱི་བརྗོད་དོན་ནི་ཟབ་ཀྱང་ཟབ། ཉིན་དེར། འཛམ་གླིང་གི་འཇོན་རྩེ་མི་སྣའི་བརྒྱུད་རིམ་གྱི་ཐོག་མའི་ལེའུ་དཔེ་ཀློག་ལས་དབུ་བརྙེས་པ་རིགས་མཐུན་སྤུན་ཟླ་ལ་གོ་ཐོས་སུ་འཇུག་པའི་སྒྲ་རྔ་ནི་གང་ཡང་བརྡུང་ཞིང་དེ་དག་ལ་ཡི་རངས་སློབ་སྦྱོང་གི་མེ་ལྕེ་མཆེད་པར་གཞེན་སྐུལ་བུང་བའི་ཅ་ཅོ་ནི་ཅིར་ཡང་སྒྲོགས། ང་ཚོས། ག་དུས་ཡིན་ཡང་། གང་དུ་གནས་ཀྱང་། དཔེ་ཀློག་ལ་གོམས་པར་བྱ་ཞེས་པའི་བརྗོད་ངག་ཁ་ནས་བཟླས་ཤིང་གདམས་ངག་ཞེ་ལ་བཟུང་སྟེ་དཔེ་ཀློག་དང་འབྲལ་བ་མེད་པའི་གཏན་གྲོགས་སུ་བསྒྲུབས།

མ་ཡུམ་སློབ་གྲྭ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་ཨ་ཅེ་འབྲོག་མོའི་དཔེ་ཀློག་གི་སྤྲོ་བ་བརྟས།

ཨ་ཅེ་འབྲོག་མོ་གངས་རིའི་གླུ་མ་གྲགས་ཅན་སྒྲོན་པེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་བསོད་ནམས་སྟོབས་རྒྱལ་ལགས་ལ་དྲི་མེད་ཁ་བཏགས་ཕུལ་བ།

ཤེས་རིག་གི་རྩི་བཅུད་བཏུང་ཞིང་དཔེ་ཀློག་གི་སྐྱེད་ཚལ་རོལ་བའི་རིགས་གྱི་གཞོན་ནུ་ཁྱུ་གཅིག་གིས་གླུ་མ་སྒྲོན་པེ་ལགས་ལ་དགའ་བས་བསུ་མ་དང་སྤྲོ་བའི་བགྲོ་གླེང་ཞུས་པ།

  • 顶 0