ལྷ་ཉིང་ལྕགས་ལམ་རྫམ་ཡར་ཀླུང་གཙང་པོའི་ཟམ་ཆེན་བར་བཏིང་ཟིན་པ།

2020-10-15
0

(经济)(1)拉林铁路铺轨至藏木雅鲁藏布江特大桥

    ཟླ་9ཚེས་20ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལས་གྲྭའི་ལག་རྩལ་པས་རྫམ་ཟམ་ཆེན་ཐོག་ལྕགས་ལམ་འདིང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

    ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། དེ་ཉིན། འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་བསྟུན་ནས་ལྕགས་ལམ་འདིང་བྱེད་འཕྲུལ་འཁོར་གྱིས་རིང་ཚད་སྨི་25ཟིན་པའི་ལྕགས་ལམ་རིང་མོ་ཞིག་བཏེགས་ནས་དལ་བུར་རྫམ་ཡར་ཀླུང་གཙང་པོའི་ཟམ་ཆེན་ཐོག་བཏིང་ཞིང་། དེས་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་གྱི་ཡར་ཀླུང་གཙང་པོ་སྒྲོལ་བའི་ཟམ་ཆེན་གསུམ་པར་ལྕགས་ལམ་བཏིང་ཟིན་པ་མཚོན་པ་དང་། མ་ལམ་ཐོག་ལྕགས་ལམ་སྤྱི་ལེ་168བཏིང་ཚར་བས་2021ལོར་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་དང་བར་ཐག་དེ་བས་ཉེ་རུ་ཕྱིན་ཡོད།

    རྫམ་ཟམ་ཆེན་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་ཁོངས་སུ་གནས་ཡོད་པ་དང་། སྤྱིའི་རིང་ཚད་ལ་སྨི་525.1ཡོད་པ་མ་ཟད་གུག་ཐག་གཙོ་བོའི་རིང་ཚད་ལ་སྨི་430ཡོད་ཅིང་། ཡར་ཀླུང་གཙང་པོ་འཕྲེད་དུ་བརྒལ་ཡོད།

    ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་གནད་ལས་གྲྭའི་རྣམ་གྲངས་ཤིག་ཡིན་པ་དང་། སྤྱིའི་རིང་ཚད་སྤྱི་ལེ་435ཟིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་ཞིང་། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པ་དང་ལམ་ཐིག་ཧྲིལ་པོར་ཡར་ཀླུང་གཙང་པོ་ཐེངས་16བརྒལ་ཡོད་ལ། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བས་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་75%ཟིན་ཡོད།

(经济)(2)拉林铁路铺轨至藏木雅鲁藏布江特大桥

    ཟླ་9ཚེས་20ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལས་གྲྭའི་ལག་རྩལ་པས་རྫམ་ཟམ་ཆེན་ཐོག་ལྕགས་ལམ་འདིང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(经济)(3)拉林铁路铺轨至藏木雅鲁藏布江特大桥

    ཟླ་9ཚེས་20ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལས་གྲྭའི་ལག་རྩལ་པས་རྫམ་ཟམ་ཆེན་ཐོག་ལྕགས་ལམ་འདིང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(经济)(4)拉林铁路铺轨至藏木雅鲁藏布江特大桥

    ཟླ་9ཚེས་20ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལས་གྲྭའི་ལག་རྩལ་པས་རྫམ་ཟམ་ཆེན་ཐོག་ལྕགས་ལམ་འདིང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(经济)(5)拉林铁路铺轨至藏木雅鲁藏布江特大桥

    ཟླ་9ཚེས་20ཉིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ལས་གྲྭའི་ལག་རྩལ་པས་རྫམ་ཟམ་ཆེན་ཐོག་ལྕགས་ལམ་འདིང་བ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས།

(经济)(6)拉林铁路铺轨至藏木雅鲁藏布江特大桥

  • 顶 0